བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་བཀའ་རྒྱ་། ཨང་ལྔ་པ་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-23
《 བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་དོ་དམ་བྱེད་ཐབས།》འདི་ནི་2007ལོའི་ཟླ་7པའི་ཚེས་13ཉིན་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ལས་དོན་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བས་ད་ལྟ་སྤྱི་བསྒྲགས་བྱ་རྒྱུ་དང་། 2007ལོའི་ཟླ་9པའི་ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ།
བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས།
དོན་ཚན་དང་པོ། སྤྱི་དམངས་ཀྱི་ཆོས་དད་རང་མོས་འགན་སྲུང་དང་། བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཁྲི་འདོན་བྱེད་སྟངས་ལ་བརྩི་འཇོག བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ལས་དོན་དོ་དམ་ཚད་ལྡན་ཡོང་བ་བཅས་ཀྱི་ཆེད་དུ་《ཆོས་ལུགས་ལས་དོན་གྱི་ཁྲིམས་སྲོལ》ལ་གཞིགས་ཏེ་བྱེད་ཐབས་འདི་གཏན་ལ་ཕབ་པ་ཡིན།
དོན་ཚན་གཉིས་པ། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་སྐབས་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་སྲོལ་སྲུང་སྐྱོང་བཅས་བྱ་རྒྱུའི་རྩ་དོན་ལ་བརྩི་སྲུང་ཞུ་དགོས།
བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་སྐབས་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་སྒྲུབ་སྲོལ་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་འཇོག་ཞུ་དགོས། འོན་ཀྱང་རྩིས་མེད་དུ་བཏང་ཟིན་པའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་སླར་གསོ་བྱ་མི་ཆོག བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པར་རྒྱལ་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་སུ་ཞིག་གི་ཐེ་ཇུས་དང་བཀོད་པར་བསྟུན་མི་དགོས།
དོན་ཚན་གསུམ་པ། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པར་འཛོམས་དགོས་པའི་ཆ་རྐྱེན་ཁག་གཤམ་གསལ།
(གཅིག)ས་གནས་དེ་གའི་དད་ལྡན་མང་ཚོགས་དང་དགོན་སྡེའི་བདག་གཉེར་རྩ་འཛུགས་མང་ཆེ་བས་ཡང་སྲིད་ངོས་འཛིན་ཞུ་རེ་བཏོན་པ།
(གཉིས)ཡང་སྲིད་རྒྱུད་རིམ་འཁྲུལ་མེད་ཡིན་པར་མ་ཟད། ད་བར་སྐུ་ཕྲེང་རིམ་པར་བྱོན་པ།
(གསུམ)བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་བའི་རེ་བ་འདོན་མཁན་གདན་ས་དེ་ངོས་འཛིན་ཞུ་རྒྱུའི་བླ་སྤྲུལ་གྱི་ཡང་སྲིད་དེའི་གདན་ས་ཡིན་པ་མ་ཟད། ཁྲིམས་ལྟར་ཐོ་རུ་བཀོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་སྤེལ་གནས་ཀྱང་ཡིན་ལ། ཡང་སྲིད་བླ་སྤྲུལ་གསོ་སྐྱོང་དང་བསྙེན་བཀུར་ཞུ་ནུས་ཀྱང་ལྡན་པ་ཞིག་ཡིན་དགོས་པ།
དོན་ཚན་བཞི་པ། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་བའི་རེ་བ་འདོན་པར་གཤམ་གསལ་གྱི་གནས་ཚུལ་གྲས་ཡོད་ཚེ་ཡང་སྲིད་ངོས་འཛིན་བྱ་མི་ཆོག །
(གཅིག)བོད་བརྒྱུད་ནང་བསྟན་ཆོས་གཞུང་དུ་ཡང་སྲིད་ངོས་འཛིན་ཞུ་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ།
(གཉིས)ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཡང་སྲིད་ངོས་འཛིན་བྱ་མི་ཆོག་པའི་བཀའ་རྒྱ་ཁ་གསལ་བཏང་བ།
དོན་ཚན་ལྔ་བ། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པར་ཆོག་མཆན་ཞུ་བའི་འགྲོ་ལུགས་བརྒྱུད་དགོས། ཆོག་མཆན་ཞུ་བའི་གོ་རིམ་ནི། ངོས་འཛིན་ཞུ་རྒྱུའི་བླ་སྤྲུལ་གྱི་ཡང་སྲིད་དེའི་གདན་སའི་བདག་གཉེར་རྩ་འཛུགས་སམ་ཡང་ན་ས་གནས་དེའི་ནང་བསྟན་མཐུན་ཚོགས་ཀྱིས་གནས་ཡུལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡང་སྲིད་ངོས་འཛིན་གྱི་རེ་འདུན་ཞུ་རྒྱུ་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བསམ་འཆར་བཏོན་རྗེས། མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་རིམ་པ་བཞིན་གོང་དུ་སྙན་ཞུ་ཕུལ་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་སྤྲོད་རྒྱུ། དེའི་ནང་ནས་ནང་བསྟན་པའི་ཁྲོད་དུ་སྙན་གྲགས་ཆེ་ཙམ་ལྡན་པ་ཡིན་ཚེ་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་རྒྱུ་དང་། སྙན་གྲགས་ཆེན་པོ་ལྡན་པ་ཡིན་ཚེ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཆོག་མཆན་ཞུ་རྒྱུ། སྙན་གྲགས་དམིགས་བསལ་ཆེན་པོ་ལྡན་པ་ཡིན་ཚེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས།
བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་བའི་རེ་བ་བཏོན་པར་ཞིབ་དཔྱད་ཆོག་མཆན་འགོད་སྐབས་རིམ་པ་གཅིག་མཚུངས་ནང་བསྟན་མཐུན་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱ་དགོས།
དོན་ཚན་དྲུག་པ། ཡང་སྲིད་ཀྱི་སྙན་གྲགས་ཆེ་ཆུང་སྐོར་རྩོད་གླེང་ཡོད་ཚེ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་ཐག་གཅོད་ངོས་འཛིན་བྱས་ཐོག རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཐོ་འགོད་སྙན་སེང་ཞུ་དགོས།
དོན་ཚན་བདུན་པ། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་བའི་རེ་བ་བཏོན་པར་ཆོག་མཆན་ཐོབ་རྗེས། བླ་སྤྲུལ་དེ་ཉིད་ཀྱི་སྙན་གྲགས་ཆེ་ཆུང་ལ་གཞིགས་ཏེ་རིམ་པ་གཅིག་མཚུངས་ནང་བསྟན་མཐུན་ཚོགས་ཀྱིས་ཡང་སྲིད་ངོས་འཛིན་སློབ་སྟོན་ཚོ་ཆུང་འཛུགས་རྒྱུ་དང་། ངོས་འཛིན་ཞུ་རྒྱུའི་ཡང་སྲིད་བླ་སྤྲུལ་དེའི་གདན་སའི་བདག་གཉེར་རྩ་འཛུགས་སམ་ཡང་ན་རིམ་པ་གཅིག་མཚུངས་ནང་བསྟན་མཐུན་ཚོགས་ཀྱིས་ཡང་སྲིད་བཙལ་འཚོལ་ཚོ་ཆུང་བཙུགས་ནས་སློབ་སྟོན་ཚོ་ཆུང་གི་སློབ་སྟོན་འོག་བཙལ་འཚོལ་ལས་དོན་བསྒྲུབ་རྒྱུ། ཡང་སྲིད་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ནང་བསྟན་མཐུན་ཚོགས་སམ་ཡང་ན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་གཞིར་བཟུང་ནས་ངོས་འཛིན་བྱ་རྒྱུ།
ཚོགས་པའམ་ཡང་ན་མི་སྒེར་སུ་ཞིག་ཡིན་རུང་བླ་སྤྲུལ་གྱི་ཡང་སྲིད་ཁྱེའུ་བཙལ་འཚོལ་དང་ངོས་འཛིན་གྱི་འབྲེལ་ཡོད་བྱེད་སྒོ་རང་དགར་སྤེལ་མི་ཆོག །
དོན་ཚན་བརྒྱད་པ། ལོ་རྒྱུས་ཐོག་གསེར་བུམ་དཀྲུག་འདོན་གྱིས་ངོས་འཛིན་བྱས་པའི་བླ་སྤྲུལ་ཡིན་ཕྱིན། དེའི་ཡང་སྲིད་ངོས་འཛིན་ཞུ་སྐབས་གསེར་བུམ་དཀྲུག་འདོན་བྱ་དགོས།
གསེར་བུམ་དཀྲུག་འདོན་མི་དགོས་པའི་རེ་འདུན་ཞུས་ཚེ། ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཆོག་མཆན་ཞུ་རྒྱུ་དང་། སྙན་གྲགས་དམིགས་བསལ་ཆེན་པོ་ལྡན་པ་ཡིན་ཚེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས།
དོན་ཚན་དགུ་པ། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱུང་རྗེས་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཆོག་མཆན་ཞུ་དགོས། ནང་བསྟན་པའི་ཁྲོད་དུ་སྙན་གྲགས་ཆེ་ཙམ་ལྡན་པ་ཡིན་ཚེ་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་རྒྱུ་དང་སྙན་གྲགས་ཆེན་པོ་ལྡན་པ་ཡིན་ཚེ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཆོག་མཆན་ཞུ་རྒྱུ། དམིགས་བསལ་སྙན་གྲགས་ཆེན་པོ་ལྡན་པ་ཡིན་ཚེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས།
ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གམ་ཡང་ན་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པའི་ཡང་སྲིད་བླ་སྤྲུལ་ཡིན་ཕྱིན། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཐོ་འགོད་སྙན་སེང་ཞུ་དགོས།
དོན་ཚན་བཅུ་པ། ཡང་སྲིད་བླ་སྤྲུལ་ཁྲི་འདོན་བྱེད་སྐབས་ཆོག་མཆན་འགོད་མཁན་ལས་ཁུངས་ཀྱི་འཐུས་ཚབ་ཀྱིས་བཀའ་འཁྲོལ་ཡིག་ཆ་སྒྲོག་སྦྱང་བྱ་རྒྱུ་དང་། རིམ་པ་གཅིག་མཚུངས་ནང་བསྟན་མཐུན་ཚོགས་ཀྱིས་སྤྲུལ་སྐུའི་དཔང་ཡིག་སྤྲོད་རྒྱུ།
བླ་སྤྲུལ་གྱི་དཔང་ཡིག་གི་མ་དཔེ་ནི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་གཅིག་གྱུར་ཐོག་བཟོས་ནས་རྒྱལ་ཁབ་ཆོས་ལུགས་ལས་དོན་དོན་ཚན་བཅུ་གཅིག་པ། བྱེད་ཐབས་འདི་དང་འགལ་ནས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་བྱ་བ་རང་དགར་སྤེལ་ཚེ་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས《ཆོས་ལུགས་ལས་དོན་གྱི་ཁྲིམས་སྲོལ།》ནང་འཁོད་གཏན་འབེབས་ལྟར་འགན་འཁྲིའི་མི་སྣ་དང་འགན་འཁྲིའི་སྡེ་ཚན་ལ་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་པ་གྲུབ་རིགས་ལ་ཁྲིམས་ལུགས་ལྟར་ཉེས་འགན་རྩད་གཅོད་བྱ་རྒྱུ།
དོན་ཚན་བཅུ་གཉིས་པ། ཡང་སྲིད་བླ་སྤྲུལ་ཁྲི་འདོན་བྱས་རྗེས་དེའི་གདན་སའི་བདག་གཉེར་རྩ་འཛུགས་ཀྱིས་ངེས་པར་དུ་གསོ་སྐྱོང་གི་འཆར་གཞི་འགོད་རྒྱུ་དང་། ཡོངས་འཛིན་འོས་སྦྱོར་བྱས་ཏེ་ས་གནས་དེ་གའི་ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་དཔྱད་བྱས་ཐོག རིམ་པ་བཞིན་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཆོག་མཆན་ཞུ་དགོས།
དོན་ཚན་བཅུ་གསུམ་པ། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་བའི་ལས་དོན་དང་འབྲེལ་བ་ཡོད་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་བྱེད་ཐབས་འདིར་གཞིགས་ཏེ་ལག་ལེན་བསྟར་སྲོལ་ཞིབ་ཕྲ་གཏན་འབེབས་བྱ་ཆོག་པ་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཐོ་འགོད་སྙན་སེང་ཞུ་དགོས།
དོན་ཚན་བཅུ་བཞི་པ། བྱེད་ཐབས་འདི་2007ལོའི་ཟླ་9པའི་ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ། རྒྱལ་ཁབ་ཆོས་ལུགས་ཅུས་ཀྱི་ཡིག་ཆ་ལྟར་བཀོད་པའོ། །