ཁ་ཤ་ཁྱུ་ཚོགས་རྒྱུག་བཞིན་པ་མཐོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-15


    ཉེ་ཆར། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་དང་། མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་མཐུན་ཚོགས་ཀྱི་ཚོགས་མི། གན་རྒྱ་བཞག་པའི་པར་རྒྱག་པ་ཀྲོའུ་ཡོན་ཧྥེང་གིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ནས་རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཁ་ཤ་པར་དུ་བླངས་ཐུབ་བྱུང་ཞིང་། པར་རིས་ནང་། ཁ་ཤ་སུམ་ཅུ་ལྷག་ཙམ་རྩྭ་ཐང་སྟེང་ནོར་ལུག་དང་མཉམ་དུ་གཟན་རྩྭ་ཟ་བཞིན་ཡོད་ཅིང་། ལ་ལ་བག་ཕེབས་སྡོད་པ་དང་ལ་ལ་ཡར་རྒྱུག་མར་རྒྱུག་བྱེད་པ་དེས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཡིད་ཏུ་འོང་བ་ཞིག་གྲུབ་འདུག 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1