པར་འདི་ནི་བདེ་སྐྱིད་གྲོང་གསར་གྱིས་རི་ཆུ་དང་བསྟུན་ནས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་པའི་རྣམ་པ་རེད།
པར་འདི་ནི་བདེ་སྐྱིད་གྲོང་གསར་གྱི་སྡེ་མིས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་ཟ་ཁང་གཉེར་པའི་རྣམ་པ་རེད།
པར་འདི་ནི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་གྱིས་ལུག་གསོ་སྤེལ་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་རེད།
པར་འདི་ནི་རྨ་ཆུའི་འགྲེམ་ངོགས་སུ་ཉ་ལས་ལ་བརྟེན་ནས་ཞིང་སྡེའི་ཐུན་མོང་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པའི་རྣམ་པ་རེད།
ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས《ཞིང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཕན་འབྲས་མ་དངུལ་དོ་དམ་དང་བེད་སྤྱོད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》དཔར་འགྲེམས་བྱས་ནས་ལོ་འཁོར་གྱི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཁེ་གཙང་ཡོང་འབབ60%ཞིང་སྡེའི་ཐུན་མོང་དང་སྡེ་མིས་མ་རྐང་ནང་ཞུགས་ནས་ཁེ་འབབ་བགོ་བའི་ཐད་སྤྱོད་རྒྱུ་དང་། ལྷག་མའི40%སྤྱི་གསོག་མ་དངུལ་དང་སྤྱི་ཕན་མ་དངུལ། ཕན་བདེའི་གྲོན་དངུལ། དཔྱད་ཞིབ་བྱ་དགའ་སོགས་ཀྱི་ཐད་སྤྱོད་རྒྱུ་དང་། སྡེ་མི་ཚང་མ་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྣམ་གྲངས་བསྐྲུན་པའི་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་བྱ་རྒྱུ་ཡིན་པར་གཏན་འབེབས་བྱས། “བགོ་བཤའ་རྒྱག་མི་ཆོག་པའི་གནས་ཚུལ་རིགས8”བཏོན་ནས་ཁེ་འབབ་མ་དངུལ་ལུགས་མཐུན་དང་ཁྲིམས་མཐུན་ངང་སྤྱོད་པར་ཁྲིད་སྟོན་བྱས་ལ། “ཞིང་སྡེའི་རྒྱུ་ནོར་ཤང་གིས་དོ་དམ་བྱེད་པའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། ཐོ་ཁོངས་དོ་དམ་དང་ཆེད་སྤྱོད་དངུལ་འཛིན། འགྲོ་གྲོན་ཞིབ་བཤེར། ལས་ཚབ་ཐོ་འགོད་བཅས“གཅིག་གྱུར་བཞི”སྒྲུབ་ཐུབ་པར་བྱེད་དགོས། “ཤང་དང་གྲོང་རྡལ་གྱིས་ལོ་མཇུག་ཏུ་ཁེ་བཟང་ཞིབ་དཔྱད་དང་། ཁེ་འབབ་གནས་ཚུལ་ཡོངས་བསྒྲགས་བྱེད་པ། སྡེ་མིས་བགོ་བཤའ་ཇུས་གཞི་གྲོས་མོལ་བྱེད་པ། རྫོང(གྲོང་ཁྱེར)ལ་ཐོ་འགོད་སྙན་སེང་ཞུས་ནས་ཞིབ་མཆན་ནན་པོ་འགོད་པ། འབྲེལ་ཡོད་སྡེ་ཚན་གྱིས་རྩིས་བཤེར་ལྟ་སྐུལ”བཅས་ཀྱི་གོ་རིམ་ལྟར་ཁེ་འབབ་མ་དངུལ་འཁོར་སྐྱོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། “ཐུན་མོང་མ་དངུལ་བེད་སྤྱོད་ཡག་པོ་དང་། ཞིང་སྡེ་བཅོས་སྐྱོང་ནུས་ལྡན། མང་ཚོགས་ལ་ཕན་ཐོགས་པ”བཅས་ཀྱི་བསམ་ཕྱོགས་ལྟར་ཞིང་སྡེའི་ཐུན་མོང་དཔལ་འབྱོར་དང་མང་ཚོགས་ཀྱི་ཡོང་འབབ“གཉིས་འཕར་གཉིས་ཕན”མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། མིག་སྔར་ཁུལ་ཡོངས་ཀྱི་སྡེ་བ262ཀྱི་ཐུན་མོང་དཔལ་འབྱོར་གྱི་ལོ་འཁོར་ཡོང་འབབ་སྒོར་ཁྲི5600ལས་བརྒལ་བ་དང་། ཞིང་སྡེ63%ཡི་ལོ་འཁོར་ཡོང་འབབ་སྒོར་ཁྲི10ཡན་ཟིན་ཡོད་པ་རེད། །