བརྗེད་དུ་ཕངས་པའི་ངང་ཚུལ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04
—སློབ་དཔོན་བདེ་མཆོག་སེམས་ལ་དྲན་ཚུལ་ཞིག
ཁྱེད་ཀྱི་མི་ཚེ་གང་པོའི་གཤིས་ཀ་འདི།།
ཁྱེད་ཀྱི་མི་ཚེ་གང་པོའི་སྤྱོད་ལམ་འདི།།
ཁྱེད་ཀྱི་རང་གཤིས་འགྱུར་མེད་གོ་ཁྲབ་འདི།།
ཁྱེད་ལ་གང་ནས་སྟོབས་ཆེན་སུ་ཡིས་གནང་།།
ལོ་ངོ་གཉིས་ལ་ཁྱེད་ཀྱི་སློབ་མ་བྱས།།
ལོ་ངོ་གཉིས་ལ་ཁྱེད་ཀྱི་བྱམས་བརྩེ་མྱངས།།
ལོ་ངོ་གཉིས་དེ་ཁོ་བོས་བརྗེད་ཐབས་བྲལ།།
ལོ་ངོ་གཉིས་ལ་ཁོ་བོས་གསེར་ཕྱེ་བཙགས།།
ཐེངས་ཤིག་ཁོ་བོ་ཆང་གིས་བཟི་བའི་དུས།།
ཁྱེད་ཀྱིས་བསྐྱོར་ནས་ཉལ་ཁང་ནང་དུ་བསྐྱལ།།
འུ་བུ་ཚང་གི་པཎ་ཆེན་བཟི་འདུག་ཅེས།།
བཞད་བཞིན་གསུངས་པའི་ཀུ་རེ་བཙན་པོ་འདི།།
༢༠༢༠/༡༠/༢༢ཉིན་རེབ་གོང་།