ང་དང་རང་བྱུང་ཁམས་ཀྱི་ཟིན་ཐོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05


སྟོང་ལོ་ཉེར་གཅིག་ལོའི་ཟླ་དྲུག་པར།

ང་རང་ཕ་ཡུལ་དུ་ཡོད།

གཏན་དུ་མྱོང་མི་ཚར་བའི་རང་བྱུང་ཁམས་ཆེན་མོའི་པང་དུ་ཡོད།

ཆུང་དུས་སུ།

ཨ་མས་ང་རང་ཁྲིད་དེ།

རི་མགོར་ཟོག་རྫིར་སོང་མྱོང་།

སྐབས་ཐོག་དེའི་སེམས་ཚོར་ད་ལྟ་རྙེད་ཐབས་མི་འདུག །
དོ་ནུབ།

ཧ་ཅང་གཟབ་ནན་ངང་རང་བྱུང་ཁམས་ཆེན་མོར་རོལ་མྱོང་ཐེངས་གཅིག་བྱེད།

ཆུང་དུས་སུ།

ངས་ནམ་རྒྱུན་ནར་སོན་པར་རེ་སྒུག་བྱས།

ད་ལྟ་ངས་བྱིས་དུས་ཀྱི་འཚོ་བ་དེ་སླར་ཡང་ཐེངས་གཅིག་རོལ་ཐུབ་ན་བསམ།

རྒྱང་རིང་ནི་མཐའ་ཡས་པའི་ནགས་ཚལ་ཞིག་རེད།

ལམ་གྱི་སྣེ་མོ་གོམ་ཁས་བསྣན་དུས།

ཡོད་ཚད་འཕྱི་དྲག་འདུག །

མི་རེ་རེ་ལ་དགའ་ཕྱོགས་རེེ་ཡོད་པ་བཞིན།

གཅིག་པུར་རི་སྒང་དང་ནགས་ཚལ་འགྲིམ་པ་ངའི་དགའ་ཕྱོགས་ཡིན།

ལྷིང་འཇགས་ཀྱི་འཚོ་བ་འདི་སློབ་གྲྭའི་ནང་ནས།

ངའི་རྨི་ལམ་དུ་ཡང་འཁོར་ཐབས་མི་འདུག །

འཚོ་བ་ནི་གཟབ་ནན་ངང་རོལ་དགོས་པ་ཞིག་རེད།

སྦྲ་ནག་དང་བརྩེ་བ་གླེང་བའི་དུས་རབས་དེར།

ང་ནམ་ཡང་འབྲོག་མི་ཞིག་བྱ་ན་འདོད།

ད་ལྟའི་སྐར་ཆ་རེ་རེ་བཞིན།

ཆེས་བདེ་སྐྱིད་ལྡན་པའི་དུས་ཚོད་རེད།

ཁེར་རྐྱང་གི་འགྲུལ་བཞུད་ནི་ཧ་ཅང་གུ་ཡངས་པོ་ཞིག །

ལོ་ཟླ་ལ་ཕྱིར་ཡོང་མེད་ཀྱང་ཡོད་ན་བསམ།

མི་རེ་རེ་ནི་གཏམ་རྒྱུད་རེ་རེ།

ཕ་ཡུལ་གང་ན་ཡོད་དམ།

ཕ་ཡུལ་སེམས་ཁོང་ན་ཡོད།
ལོ་མང་པོའི་སྔོན་གྱི།

དོ་དགོང་ལྟ་བུའི་མཚན་སྟོད་ཟླ་འོད་གསལ་ཞིང་།

མཚན་སྨད་ཆར་ཞོད་བབ་པའི་དགོང་མོ་རེ་རེར།

ཨ་མས་ང་ལ་རྐང་ཐང་དུ་དབུས་ལ་སོང་བའི་གནའ་གཏམ་བཤད།

མ་མོ་དང་ལུ་གུའི་གཏམ་རྒྱུད་བཤད།
ངས་རིའི་རྩེ་མོར་ཉི་འོད་འཕྲོས་བྱུང་།

གངས་རིའི་རྩེ་མོར་ཉི་འོད་འཕྲོས་བྱུང་།

མཛེས་པ་ལ།
ནམ་ལངས་དུས།

སྨུག་པ་ཁོག་ལ་ལྷུང་འདུག །

ང་རང་སྨུག་པའི་ནང་མགོ་འཁོར་ནས།

རྫ་སྒང་མཐོན་པོ་ཞིག་འཕྲེད་ཀྱིས་བཅད་དེ།

ལུང་པ་ཞིག་གི་ཉག་ཁར་སླེབས་སོང་།

ལུང་པ་དེ་ཐོག་མར་ངེད་ཚང་གི་དགུན་ས་བྲག་ཤར་ཁ་རེད་བསམ།

དུས་ཚོད་གཅིག་ལྷག་ལ་སོང་ན་ཡང་ལུང་པ་དེའི་མདོ་རུ་སླེབས་རྒྱུ་མི་འདུག །

སྨུག་པའི་ཁྲོད་ནས་ཅི་ཡང་མཐོང་ཐུབ་ཀྱི་མི་འདུག །

སོང་སོང་རྗེས་ལྕི་ཁང་རྙིང་པ་དང་ཟོག་ར་ཞིག་རལ་ཡོད་ས་ཞིག་ཏུ་སླེབས་སོང་།

གང་ཞིག་ཏུ་ཐོན་སོང་བ་རང་གིས་ཀྱང་ཧ་གོ་མ་སོང་།

དུས་ཚོད་གསུམ་བཞི་ཙམ་སོང་རྗེས་ད་གཟོད་ལུང་རྒན་དེའི་མདོར་སླེབས་སོང་།

ལམ་ནས་སྒྱུ་འཕྲུལ་སྒྲུང་གཏམ་ཞིག་ཀློག་བཞིན་པ་དང་འདྲ་འདྲ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1