གནམ་ལོ་གསར་ཚེས་ཀྱི་བྱུང་བ་དང་གོམས་སྲོལ།

བན་དེ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05


གསར་ཚེས་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་ཞིང་། ཡོན(元)ཞེས་པ་དབུ་ཚུགས་པའི་དོན་ཡིན་ལ། གྲངས་འདྲེན་གྱི་འགོ་ལ་ཡོན(元)ཟེར་ཞིང་། ཏན(旦)ཞེས་པ་ཉི་མའི་དོན་ཡིན་ལ། དེ་གཉིས་སྡེབ་མ་ཉིན་གྱི་ཐོག་མའམ་གསར་ཚེས་ལ་ཟེར། 《ཅིན་གྱི་དེབ་ཐེར》ནང་དུ་ཏི་ཡིས་དང་པོ་གསར་ཚེས་ལ་བརྩིས། ཟླ་དང་པོ་ལ་ཡོན(元)ཞེས་བརྗོད་ཅིང་། ཚེས་གཅིག་ལ་ཏན(旦)ཞེས་བཀོད་ཡོད་པ་རེད།

གནམ་ལོ་གསར་ཚེས་ཀྱི་བྱུང་བ།

གནམ་ལོ་གསར་ཚེས་ལ་མཚོན་ན་དུས་རབས་མི་འདྲ་བའི་ཞིབ་ཕྲའི་དུས་ཚོད་ཀྱང་མི་འདྲ་ཞིང་། ཞ་རྒྱ་རབས་ཀྱི་དུས་སྐབས་སུ་ཞ་ལུགས་ལོ་ཐོ་ལྟར་ན། དཔྱིད་དུས་ཀྱི་ཟླ་དང་པོ་དེ་ལོ་རེའི་ཟླ་དང་པོར་བརྩི་བཞིན་ཡོད་ལ། ཧྲང་རྒྱལ་རབས་སྐབས་ཀྱི་ཧྲང་གི་ལོ་ཐོ་ལྟར་ན་དགུན་དུས་ཟླ་བཅུ་གཉིས་པ་དེ་ལོ་རེའི་ཟླ་དང་པོར་བརྩི་བཞིན་ཡོད། ཀྲོའུ་ཡི་དུས་སྐབས་ཀྱི་ཀྲོའུ་ཡི་ལོ་ཐོ་ནི་དགུན་དུས་ཟླ་བཅུ་གཅིག་པ་དེ་ལོ་རེའི་ཟླ་དང་པོ་ལ་འཇོག་གི་ཡོད། ཆིན་རྒྱལ་རབས་ཀྱི་དུས་སྐབས་སུ་དགུན་ཁའི་ཟླ་བ་བཅུ་པ་དང་པོར་བརྩི་བ་དང་། ཟླ་བ་བཅུ་པའི་ཚེས་གཅིག་ནི་གནམ་ལོ་གསར་ཚེས་ལ་བརྩི། ཧན་ཝུའུ་ཏིའི་དུས་སྐབས་སུ་དཔྱིད་ཀའི་ཟླ་བ་དང་པོར་བརྩི་རྒྱུའི་གཏན་འབེབས་བྱས་ཡོད་ཅིང་། ཟླ་བ་དང་པོའི་ཉིན་དང་པོར་གནམ་ལོ་གསར་ཚེས་ཞེས་འབོད་རྒྱུ་དང་། མུ་མཐུད་ནས་ཆིང་རྒྱལ་རབས་ཀྱི་དུས་མཇུག་བར་དུ་སྤྱད་པ་རེད།

གནམ་ལོ་གསར་ཚེས་ཀྱི་ཉིན་མོ་བསྒྱུར་བ།

གནམ་ལོ་གསར་ཚེས་ཞེས་པ་ནི་རང་རྒྱལ་གནའ་རབས་སུ་ལུགས་རྙིང་ལོ་ཐོའི་ཚེས་གཅིག་སྟེ་དཔྱིད་གསར་དུས་ཆེན་གྱི་ཉིན་མོ་དེར་ཟེར། ལྕགས་ཕག་ལོའི་གསར་བརྗེ་ལངས་པའི་རྗེས་སུ་རྒྱལ་དམངས་སྲིད་གཞུང་གིས་ནུབ་ཕྱོགས་ཀྱི་རིག་གནས་ཁྱབ་སྤེལ་ཤུགས་ཆེན་བྱས་སྟབས་ལོ་ཐོ་ཡང་བསྒྱུར་བ་རེད། 1912ལོར། སུང་ཀྲུང་ཧྲན་གྱིས་ལུགས་གསར་ནས་བརྩི་རྒྱུ་བཀའ་ཕབ་ནས་ལུགས་རྙིང་ལོ་ཐོ་སྤྱོད་མཚམས་འཇོག་ཏུ་བཅུག་ནས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སྤྱོད་པའི་སྤྱི་ལོ་བརྩི་སྲོལ་བསྒྱུར་ཏེ། ལུགས་གསར་ལས་སྤྱི་ལོ་བརྩིས་པ་ཡིན། 1912ལོ་ནས་བཟུང་ཀྲུང་གོས་དངོས་སུ་གནམ་ལོ་གསར་ཚེས་ལ་རྟེན་འབྲེལ་བྱེད་འགོ་བརྩམས།

འོན་ཀྱང་ལུགས་རྙིང་གི་ལོ་གསར་ནི་ཀྲུང་གོས་ལོ་ངོ་སྟོང་ཕྲག་རིང་གི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་པས། འགོ་བརྩམས་མ་ཐག་མི་རྣམས་ཀྱིས་ཁས་ལེན་བྱེད་ཀྱི་མེད། འོན་ཀྱང་རྒྱལ་དམངས་སྲིད་གཞུང་གི་གཏན་འབེབས་དང་བསྟུན་ནས་གནམ་ལོ་གསར་ཚེས་རིང་གི་གུང་གསེང་རིང་སྲིད་གཞུང་དང་།
དཔོན་རིགས། སློབ་གྲྭ། ཚོང་དུད་སོགས་དང་འབྲེལ་བ་ཡོད་པས་གནམ་ལོ་གསར་ཚེས་ཀྱི་དུས་ཆེན་ནས་བཟུང་མི་རྣམས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད་པར་མ་ཟད། དམངས་ཁྲོད་དུ་རིམ་བཞིན་ཁྱབ་གདལ་གཏོང་བཞིན་ཡོད། ཡིན་ན་ཡང་དེ་དང་ཆབས་ཅིག་ལུགས་རྙིང་ལོའི་གནམ་ལོ་གསར་ཚེས་ལ་དཔྱིད་གསར་དུས་ཆེན་ཞེས་བསྒྱུར་བ་རེད། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་ཚང་མ་རང་སོར་བཞག་པར་མ་ཟད་ཀྲུང་གོའི་དུས་ཆེན་ཆེན་པོ་གཉིས་སུ་གྱུར་ཡོད།

སྤྱི་ལོའི་ལོ་གསར་གྱི་ངག་རྒྱུན་ནི་ལོ་ངོ་4000ལྷག་གི་སྔོན་གྱི་ཡའོ་ཧྲུན་གྱི་དུས་ཡིན། ཡའོ་རྒྱལ་པོ་ཁྲི་ལ་བཞུགས་པའི་དུས་སྐབས་ཡིན་ལ། དམངས་འཚོར་དོ་སྣང་དང་དམངས་ཕན་སྲིད་བརྩོན་བྱས་ཏེ། མང་ཚོགས་ལ་བྱ་བ་བཟང་པོ་མང་པོ་བསྒྲུབས་པས། མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། འོན་ཀྱང་རང་གི་བུ་ལ་ཡོན་ཏན་མེད་པས་ཡའོ་རྒྱལ་པོས་གོང་མའི་གོ་ས་ཀུན་སྤྱོད་གཉིས་ལྡན་གྱི་ཧྲུན་ལ་སྤྲད་པར་མ་ཟད། ཧྲུན་གྱི་རྗེས་སུ་ཡང་གོང་མའི་གོ་ས་ཡག་པོ་བརྒྱུད་སྤྲོད་བྱེད་དགོས་པའི་མངགས་བྱ་གནང་བ་རེད། དེ་ལྟར་བྱས་ནའང་སེམས་བདེ་པོ་ཡོང་གི་རེད། ཕྱིས་སུ་ཧྲུན་གྱིས་གོང་མའི་གོ་ས་ཆུ་བཅོས་པར་བྱས་རྗེས་བཞག་པའི་ཡུས་ལ་གནང་། ཡུས་ཀྱིས་ཀྱང་མང་ཚོགས་ལ་བྱ་བ་བཟང་པོ་མང་པོ་བསྒྲུབས།

ཕྱིས་སུ་མི་རྣམས་ཀྱིས་རྒྱལ་པོ་གསུམ་པོ་དེར་དྲན་གསོ་ཞུ་ཆེད་སྐབས་དེའི་ཧྲུན་ཏིས་གནམ་དང་གོང་མ་ཡའོ་ལ་འགོ་ཚུགས་པའི་ཉིན་མོར་མཆོད་འབུལ་བྱས་པ་རེད།

གནམ་ལོ་གསར་ཚེས་ཀྱི་གོམས་སྲོལ།

གནམ་ལོ་གསར་ཚེས་ནི་ལོ་གསར་གྱི་དུས་འགོ་ཡིན་ལ། ལོ་རིམ་གསར་པ་དང་སྤྱི་ལོའི་ལོ་གསར་ཡང་ཟེར། གནམ་ལོ་གསར་ཚེས་ལ་གསར་ཚེས་གསུམ་ཡོད་ལ། ལོ་ཚེས་ཟླ་ཚེས་དུས་ཚེས་ཞེས་ཀྱང་བརྗོད། དེ་མ་ཟད་གནམ་ལོ་གསར་ཚེས་ཀྱི་གོམས་སྲོལ་ཡང་ད་ལྟའི་བར་དུ་རྒྱུད་འཛིན་བྱས་ཡོད།

དེ་སྔའི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་དུས་སྐབས་སུ། གནམ་ལོ་གསར་ཚེས་ཀྱི་ཉིན་དེར་སྲིད་གཞུང་གིས་གུང་གསེང་ཉིན་གསུམ་སྟེར་དགོས་པར་མ་ཟད། སྲིད་གཞུང་གི་གཞུང་ལས་བྱེད་ས་ཁག་གི་ཕྱི་རོལ་དུ་ཚོན་དར་བཀལ་ནས་རྟེན་འབྲེལ་ཞུ་དགོས་པ་གཏན་འབེབས་བྱས་ཡོད། དེས་མ་ཚད་སློབ་གྲྭའི་ནང་དུ་ད་དུང་གནམ་ལོ་གསར་ཚེས་ཀྱི་རོལ་རྩེད་འདུ་ཚོགས་གཉེར་ཏེ་གནམ་ལོ་གསར་ཚེས་ལ་དགེ་སློབ་སྒྲིག་འཛུགས་ཀྱིས་ཐུན་མོང་ཐོག་རྒྱལ་དར་བསྒྲེང་པ་དང་དེ་རྗེས་རོལ་རྩེད་སྣ་ཚོགས་བྱེད་ཀྱི་ཡོད།

གནམ་ལོ་གསར་ཚེས་ལ་རིམ་བཞིན་ལས་རིགས་ཁག་གི་རྟེན་འབྲེལ་དུས་ཆེན་དུ་གྱུར་ཞིང་། ཁོང་ཚོས་གནམ་ལོ་གསར་ཚེས་ཀྱི་ཉིན་དེར་འགྲེམས་སྟོན་སྣ་ཚོགས་བྱས་ཏེ་རོལ་རྩེད་བྱེད་སྒོ་སྤེལ་བ་རེད། གཉེན་ཉེའི་བར་དུ་ཕན་ཚུན་ལ་རྟེན་འབྲེལ་བྱང་བུ་སྟེར་སྲིད།

ད་ལྟའི་བར་དུ་གནམ་ལོ་གསར་ཚེས་ནི་གཏན་འཁེལ་གྱི་དུས་ཆེན་ཞིག་ཏུ་གྱུར་ཡོད། སྤྱིར་བཏང་དུ་ཚོགས་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཞིག་ཡིན་ལ། དཔེར་ན་ལོ་གསར་གྱི་མཉམ་སྤྲོའི་དགོང་ཚོགས་དང་།
ལོ་གསར་ལ་རྟེན་འབྲེལ་ཞུ་བའི་སྦྱར་ཡིག་འགེལ་བའམ་ཡང་ན་ཐུན་མོང་གི་བྱེད་སྒོ་སྤེལ་བ་སོགས་ལྟ་བུ། གྲོང་གསེབ་མང་ཆེ་བས་ཀྲུང་གོའི་སྲོལ་རྒྱུན་གྱི་རྟེན་འབྲེལ་བྱེད་སྟངས་རྒྱུད་འཛིན་བྱེད་ཀྱི་ཡོད། གནམ་ལོ་གསར་ཚེས་འཆར་དུས། བྱ་དང་གག་པ་བཤས་ནས་མཆོད་འབུལ་བྱེད་པ་དང་། བཟའ་མི་ཚང་མ་ལྷན་དུ་འཛོམས་ནས་ཟ་མ་བཟའ་སྲོལ་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1