བྱི་བ་དང་འབུའི་གནོད་པ་ཐེབས་པའི་རྩྭ་སའི་བཅོས་སྐྱོང་ལག་རྩལ།

རིན་ཆེན་མཁའ་འགྲོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05


རྩྭ་ས་ནི་འབྲོག་ལས་ཐོན་སྐྱེད་ཀྱི་དངོས་པོའི་རྨང་གཞི་གལ་ཆེན་ཡིན་པ་དང་། སྐྱེ་ཁམས་ཀྱི་ཡོལ་སྲུང་གཙོ་བོའང་ཡིན། དུས་ཡུན་རིང་པོའི་ནང་དུ། མི་རྣམས་ཀྱིས་རྩྭ་ས་བེད་སྤྱོད་གཏང་རྒྱུ་གཙོ་བོ་བྱེད་པ་དང་དོ་དམ་བྱེད་པ་དོ་སྣང་མ་བྱས་པས། སྒོ་ཕྱུགས་ཀྱི་ཁ་གྲངས་ཇེ་མང་དུ་ཕྱིན་པ་དང་། རྩྭ་སའི་ཐོག་ཏུ་དུས་ཡུན་རིང་པོར་ཕྱུགས་ཟོག་ཁ་གྲངས་ཚད་ལས་བརྒལ་ཏེ་འཚོས་པས། རྩྭ་སའི་སྐྱེ་ནུས་ཉམས་པ་དང་ཨ་བྲ་དང་གནོད་འབུས་རྩྭ་ཐང་ལ་གནོད་པ་བཟོ་བར་ཁོར་ཡུག་གི་ཆ་རྐྱེན་བསྐྲུན་པ་རེད། ཨ་བྲ་དང་གནོད་འབུ་ཇེ་མང་དུ་ཕྱིན་པ་དང་། རྩྭ་སའི་ཐོག་གི་སྔོ་ཁེབས་ཇེ་ཉུང་དུ་ཕྱིན་ནས་རྩྭ་ཡན་དང་ལྡུམ་བུ་གང་སར་ཁྱབ་པས། རྩྭ་ས་ཇེ་ངན་དུ་གྱུར་བ་དང་རྟེན་འཚོའི་ཁོར་ཡུག་ཇེ་སྡུག་ཏུ་ཕྱིན་པ་ཇེ་དྲག་ཏུ་གྱུར་བས། རྩྭ་སའི་ཐོན་སྐྱེད་ནུས་པ་ཇེ་ཞན་དུ་གྱུར་བ་དང་།
དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་བཟོས་པ་རེད། དེར་བརྟེན། ཨ་བྲ་དང་གནོད་འབུའི་གནོད་པ་སྔོན་འགོག་བཅོས་སྐྱོང་བྱེད་པ་ཇེ་དྲག་ཏུ་བཏང་ནས། གནོད་འབུ་དང་ཨ་བྲས་རྩྭ་སའི་སྐྱེ་ནུས་ཇེ་ཞན་དུ་བསྒྱུར་བ་ལ་བཅོས་སྐྱོང་བྱེད་པ་དེས་རྩྭ་སའི་ཐོག་གི་འབྲོག་ལས་རྒྱུན་བསྲིངས་འཕེལ་རྒྱས་ཐུབ་པར་ནུས་པ་ཆེན་པོ་ཐོན་བཞིན་ཡོད།

གཅིག །ཨ་བྲ་དང་འབུ་ཡི་གནོད་པར་སྔོན་བཤེར་དང་སྔོན་བརྡ་གཏོང་བའི་མ་ལག་འཛུགས་པ།

ཨ་བྲ་དང་འབུ་ཡི་གནོད་པར་སྔོན་བཤེར་དང་སྔོན་བརྡ་གཏོང་བའི་མ་ལག་འཛུགས་པ་ནི་ཨ་བྲ་དང་འབུ་ཡི་གནོད་པར་སྔོན་འགོག་བཅོས་སྐྱོང་བྱེད་པའི་ལས་ཀའི་རྨང་གཞི་ཡིན། དེས་སྔོན་འགོག་བཅོས་སྐྱོང་བྱེད་པ་ལ་ཡིད་ཆེས་ཆོག་པ་དང་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་དེ་ཡིས་ཡང་དག་ཚད་གཞི་ཡིས་བཅོས་སྐྱོང་སྔོན་འགོག་བྱེད་པའི་ཕན་འབྲས་ལ་ཐད་ཀར་ཤུགས་རྐྱེན་ཐེབས།

སྔོན་བཤེར་དང་སྔོན་བརྡ་གཏོང་བའི་མ་ལག་ཆ་ཚང་བ་ཞིག་ཡོད་པ་དང་། དེས་ལོ་རྗེས་མའི་ཨ་བྲ་དང་གནོད་འབུའི་གནོད་པ་ཐེབས་ཚད་སྔོན་བཤེར་ཡང་དག་བྱེད་ཐུབ་ལ། ཨ་བྲ་དང་གནོད་འབུས་རྩྭ་ས་ཉམས་དམས་བཟོས་པའི་ཁྱབ་ཁོངས་དང་རྒྱ་ཁྱོན། མ་དངུལ་བཏང་ཚད་བཅས་ཀྱི་ཇུས་གཞི་འཆར་འགོད་ཚན་རིག་དང་མཐུན་ཐུབ་པས། བཅོས་སྐྱོང་སྔོན་འགོག་བྱེད་པའི་ཁྲོད་དུ་མི་ནུས་དང་རྒྱུ་ཤུགས། རྒྱུ་ནོར་བཅས་ཆུད་ཟོས་སུ་འགྲོ་བར་སྔོན་འགོག་བྱེད་ཐུབ།

གཉིས། ཡན་ལག་དང་རྩ་བ་མཉམ་བཅོས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ།

ཨ་བྲ་དང་གནོད་འབུས་སྐྱེ་དངོས་ལ་གནོད་པར་སྔོན་འགོག་བཅོས་སྐྱོང་བྱེད་པའི་ལག་རྩལ་གསར་པའི་ཚོད་ལྟ་ཞིབ་འཇུག་གི་ལས་ཀ་ཧུར་བརྩོན་གྱིས་སྤེལ་བ་དང་། རྒྱལ་ཁབ་ཕྱི་ནང་གིས་ཨ་བྲ་དང་གནོད་འབུའི་གནོད་པ་ལ་སྔོན་འགོག་བཅོས་སྐྱོང་བྱེད་པའི་གྲུབ་འབྲས་གསར་པར་དཔེར་བལྟས་ཏེ། སྔོན་འགོག་བཅོས་སྐྱོང་བྱེད་པའི་མ་རྩ་མུ་མཐུད་དུ་ཇེ་ཆུང་དུ་གཏོང་བ་དང་། ཁོར་ཡུག་སྦགས་བཙོག་ཇེ་ཆུང་དུ་གཏོང་བ་བཅས་གནོད་པ་མེད་པར་བཟོ་བ་དང་ཁོར་ཡུག་སྲུང་སྐྱོབ་ཐུབ་པའི་གཉིས་ཕན་མངོན་འགྱུར་བྱེད་དགོས། གླག་ཁྲ་འབབ་སའི་གཞི་སྒྲོམ་ལས་ཏེ་གླག་ཁྲ་འགུག་པ་དང་། གླག་ཁྲའི་ཚང་བསྐྲུན་ཏེ་བྱི་ལོང་དང་ཨ་བྲ་བཅས་མེད་པར་བཟོ་བའི་ཁྲ་རིགས་ལ་མལ་གསོ་བ་དང་། ཟས་འཚོལ་ཐུབ་པའི་འཚོ་བའི་ཁོར་ཡུག་བསྐྲུན་དགོས་ཤིང་། ཁྲ་རིགས་ཀྱི་གྲངས་ཀ་ཇེ་མང་དུ་ཕྱིན་པ་དང་མཉམ་དུ་བྱི་བའི་རིགས་ཀྱིས་རྩྭ་ཐང་ལ་གནོད་པ་སྐྱེལ་བ་ཚོད་འཛིན་བྱེད་དགོས་ལ། རྩྭ་ཐང་གི་སྐྱེ་ནུས་ཉམས་པ་སོས་དལ་དུ་ཕྱིན་ནས་ཁྲ་དང་ཨ་བྲ། གཟན་རྩྭ་བཅས་དོ་མཉམ་བྱུང་སྟེ། སྐྱེ་དངོས་སྣ་མང་རང་བཞིན་འཕར་སྣོན་གྱིས་རྩྭ་སའི་སྐྱེ་ཁམས་དོ་མཉམ་ཡོང་བར་སྐུལ་འདེད་གཏང་དགོས།

གསུམ། ཚན་རྩལ་སྦྱོང་བརྡར་ཇེ་དྲག་ཏུ་བཏང་ནས་སྔོན་འགོག་བཅོས་སྐྱོང་བྱེད་པའི་ཕན་འབྲས་མཐོ་རུ་འདེགས་དགོས།

ཚན་རྩལ་སྦྱོང་བརྡར་ཡག་པོ་བྱེད་པ་ནི་ཨ་བྲ་དང་གནོད་འབུའི་གནོད་པར་སྔོན་འགོག་བཅོས་སྐྱོང་ལག་བསྟར་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། ཚན་རྩལ་སྦྱོང་བརྡར་བརྒྱུད་ན་ལག་རྩལ་མི་སྣའི་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་འདེགས་ཐུབ་པར་མ་ཟད། ཞིང་འབྲོག་མི་དམངས་ཀྱིས་ཨ་བྲ་དང་།
གནོད་འབུའི་གནོད་པ་ལ་སྔོན་འགོག་བཅོས་སྐྱོང་བྱེད་པའི་ལག་རྩལ་མཐོ་རུ་འདེགས་ཐུབ་པར་མ་ཟད། སྔོན་འགོག་བཅོས་སྐྱོང་བྱེད་པའི་ས་གནས་རང་ཉིད་ཀྱི་ཆེད་མཁས་པ་སྐོར་ཞིག་གསོ་སྐྱོང་བྱེད་ཐུབ། ལག་རྩལ་ངོས་ཐད་ནས་མང་ཚོགས་ཀྱིས་ཨ་བྲ་དང་གནོད་འབུའི་གནོད་པ་ལ་ཚོད་འཛིན་བྱེད་པའི་ནུས་པ་མཐོར་འདེགས་བྱུང་ལ། སྔོན་འགོག་བཅོས་སྐྱོང་བྱེད་པའི་ཕན་འབྲས་སྔར་བས་མཐོར་འདེགས་གཏོང་ཐུབ།

བཞི། དྲིལ་བསྒྲགས་རྒྱ་ཆེན་བྱས་ནས་བསམ་བློའི་འདུ་ཤེས་བསྒྱུར་དགོས།

རྩྭ་ཐང་ལ་སྲུང་སྐྱོང་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པའི་འདུཤེས་བཙུགས་ཏེ། རྩྭ་ས་འགན་གཙང་ལེན་བྱས་པའི་འབྲོག་པའི་ཁྱིམ་དུད་ཀྱི་ཡིག་ཚགས་ལྟར། ཨ་བྲ་དང་གནོད་འབུའི་གནོད་པ་ལ་བཅོས་སྐྱོང་བྱེད་པའི་ས་ཁུལ་དུ་ཨ་བྲ་དང་གནོད་འབུའི་གནོད་པ་ལ་སྔོན་འགོག་བྱས་པའི་གྲུབ་འབྲས་རྒྱུན་མཐུད་བརྟན་འཇགས་བཟོ་བའི་ལས་ཀ་དང་རྩྭ་ར་འགན་གཙང་ལེན་བྱེད་པའི་འགན་འཁྲིའི་ལམ་ལུགས་མཉམ་འབྲེལ་ནུས་ལྡན་གྱིས་ཨ་བྲ་དང་གནོད་འབུའི་གནོད་པ་ལ་སྔོན་འགོག་བྱེད་པའི་ལས་ཀ་དམངས་ཁྲོད་ཀྱི་ལུགས་སྲོལ་ཅིག་ཏུ་ཆགས་སུ་འཇུག་དགོས།

ཞིང་འབྲོག་མང་ཚོགས་མཉམ་དུ་ཞུགས་པ་བརྒྱུད། སྔོན་འགོག་བཅོས་སྐྱོང་བྱེད་པའི་གྲུབ་འབྲས་བརྟན་འཇགས་དང་རྒྱ་བསྐྱེད་དེ་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་དགོས།

ལྔ། རྒྱུ་སྤུས་ལེགས་པའི་གཟན་རྩྭ་གསབ་འདེབས་བྱེད་པ་དང་ར་སྐོར་བཀག་གསོའི་ཐབས་སྤྱད་དེ་ཨ་བྲ་དང་གནོད་འབུའི་གནོད་འཚེ་ལ་སྔོན་འགོག་བཅོས་སྐྱོང་བྱེད་པར་ཡུན་རིང་ནུས་པ་ཐོན་པའི་ནང་རྐྱེན་འཛུགས་དགོས།

རྩྭ་སའི་སྐྱེ་ནུས་ཉམས་པ་དེས་བྱི་རིགས་འཚོ་གནས་དང་ཇེ་མང་དུ་ཕྱིན་པར་ཁོར་ཡུག་གི་ཆ་རྐྱེན་ཡག་པོ་བསྐྲུན། དེར་བརྟེན། བྱི་རིགས་ཀྱི་གནོད་འཚེ་བཅོས་སྐྱོང་གཞི་ཁྱོན་ཆེན་པོས་བྱེད་པའི་ས་ཁུལ་དུ། ས་ཆ་དེ་གར་འཚམ་པའི་རྒྱུ་སྤུས་དག་པའི་གཟན་རྩྭ་ཡག་པོ་གདམ་ནས་ར་བསྐོར་བ་དང་བཀག་སྡོམ་གསོ་སྐྱོང་བྱེད་པ།

གསབ་འདེབས་བྱེད་པ། ལུད་འཇོག་པ། ཆུ་གཏོར་བ། རྩྭ་ལྡུམ་མེད་པར་བཟོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྩྭ་སར་སླར་གསོ་རྩྭ་སྐྱེ་བའི་གོ་སྐབས་སྤྲད་དགོས། སྔོ་ཁེབས་སླར་གསོ་དང་སྟུག་ཚད་ཇེ་ཆེར་བཏང་ནས། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་དགོས་པ་དང་། བྱིའུ་རིགས་འཚོ་གནས་དང་རྒྱུད་སྤེལ་བའི་ཁོར་ཡུག་གི་ཆ་རྐྱེན་མེད་པར་གཏང་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1