ཉིང་ཁྲི་གྲོང་ཁྱེར་གྱིས་ཡར་ཉང་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་སྐྱེ་ཁམས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 02-23


        

         ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས《བརླན་ས་སྲུང་སྐྱོང་དང་སླར་གསོའི་ལམ་ལུགས་ཀྱི་ཇུས་གཞིའི》བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། བརླན་ས་སྲུང་སྐྱོང་སླར་གསོ་དང་དྲིལ་སྒྲོག་སློབ་གསོའི་ལས་དོན་ཤུགས་ཆེན་སྤེལ་བས། ཡར་ཉང་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་བསྡོམས་པས་བརླན་སའི་སྔོ་ཁེབས་མུའུ1839སླར་གསོ་བྱས་ནས། བརླན་སའི་སྐྱེ་ཁམས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

        ཤེས་གསལ་ལྟར་ན། 2016ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་ཁྲི3010བཏང་ནས། ཡར་ཉང་རྒྱལ་ཁབ་བརླན་སར་སྲུང་སྐྱོང་དང་སླར་གསོའི་ལས་གཞི་དང་། ནགས་ལས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་མ་དངུལ། ཡར་ཉང་བརླན་སའི་ཁ་གསབ་རོགས་དངུལ་སོགས་བརླན་ས་སྲུང་སྐྱོང་དང་སླར་གསོའི་ལས་གཞི4ལག་བསྟར་བྱས་ཡོད། ཡར་ཉང་རྒྱལ་ཁབ་བརླན་སའི་སྤྱི་གླིང་དོ་དམ་ས་ཚིགས་དང་ས་མཚམས་རྡོ་རིང་སོགས་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་། བརླན་སའི་ཉེ་འཁོར་གྱི་རོང་འབྲོག་པའི་དོ་དམ་པ70གདན་ཞུ་བྱས་ནས། བརླན་སའི་རྒྱུན་ལྡན་སྐོར་སྐྱོད་དང་དོ་དམ་སྲུང་སྐྱོང་གི་ལས་དོན་སྤེལ་ལ། མིས་ཐབས་ལ་བརྟེན་ནས་སྡོང་འཛུགས་ནགས་སྐྲུན་བྱས་ནས་སྔོ་ཁེབས་སྐྱར་གསོ་དང་། རང་བྱུང་འགོག་གསོ། ཕྱུགས་བཀག་སླར་གསོ། ཆུ་ལམ་གཙང་གཤོང་སོགས་ཀྱི་ནུས་ལྡན་བྱེད་ཐབས་ཧུར་ཐག་སྒོས་སྤྱད་དེ། ཞན་འགྱུར་བརླན་སའི་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ། བརླན་སའི་སྐྱེ་ཁམས་བྱེད་ནུས་རིམ་བཞིན་སླར་གསོ་བྱུང་ནས་ཡར་ཉང་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་རྣམ་པ་ལེགས་པོ་མངོན་ཡོད།
    དེ་དང་ཆབས་ཅིག ཉིང་ཁྲི་གྲོང་ཁྱེར་གྱིས་དྲིལ་སྒྲོག་སློབ་གསོ་དེ་བརླན་ས་སྲུང་སྐྱོང་གི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། ལོ་རེའི་ཟླ2པའི་ཚེས2ཉིན་གྱི“འཛམ་གླིང་བརླན་སའི་ཉིན་མོ”བེད་སྤྱོད་གང་ལེགས་བྱས་ཏེ། བརྙན་འཕྲིན་དང་ཚགས་པར། དུས་དེབ། དྲ་རྒྱ་སོགས་སྨྱན་སྦྱོར་ལས་སྟེགས་ལ་བརྟེན་ནས་དྲིལ་སྒྲོག་དཔྱད་ཡིག་འགྲེམ་གཏོང་དང་། དྲིལ་སྒྲོག་འཕྲེད་འགེལ་ཡི་གེ་འགེལ་བ། དྲིལ་སྒྲོག་འགྲེམས་པང་བཀོད་སྒྲིག དྲིལ་སྒྲོག་བརྙན་རིས་སྟོན་པ་བཅས་བརྒྱུད། གྲོས་འགོར་མིང་འགོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་བརྗོད་བྱ་གཙོ་བོའི་དྲིལ་སྒྲོག་བྱ་འགུལ་སྣ་མང་སྤེལ་ཏེ། བརླན་ས་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་སྲུང་སྐྱོང་འདུ་ཤེས་གཏིང་ཟབ་ཏུ་བཏང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1