ཤིང་ཆ་ལྐོག་གཅོད་བྱེད་མཁན་གཉིས་ལ་ཁྲིམས་ཆད་ཕོག་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-23



     དགུན་དཔྱིད་གཉིས་ཀྱི་དུས་ཚིགས་རིང་ནགས་ཚལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཐོན་སླ་བ་དང་ཐོན་མང་བའི་ཁྱད་ཆོས་ལ་དམིགས་ནས། ཁོངས་གཏོགས་ཁུལ་གྱི་ནགས་ཚལ་ཐོན་ཁུངས་བདེ་འཇགས་འགན་ལེན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད།ཉག་རོང་རྫོང་སྤྱི་བདེ་ཅུས་ཀྱིས་ནགས་ཚལ་ཉེན་རྟོག་རུ་ཆེན་གྱི་འགན་ནུས་དང་འགན་འཁྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ནགས་ཁུལ་དུ་སྐོར་སྲུང་དང་།ནགས་ཚལ་གྱི་གནས་ཚུལ་ལ་དབྱེ་ཞིབ།ཆ་འཕྲིན་ཞིབ་འཇུག་དང་བརྡར་གཅོད་བཅས་ཀྱི་ལས་དོན་རྒྱུན་ཆད་མེད་པར་སྤེལ་དང་སྤེལ་མུས་ཡིན་ལ། བརྒྱུད་རིམ་དེའི་ཁྲོད་ནགས་ཤིང་ལྐོག་གཅོད་ཀྱི་གྱོད་གཞི་ཞིག་རྩད་ཆོད་ཐུབ་ཡོད།
     ཉེ་ཆར།  ཉག་རོང་རྫོང་ནགས་ཚལ་ཉེན་རྟོག་རུ་ཆེན་གྱིས་ཁུངས་སྣེ་བཙལ་འཚོལ་དང་གྲལ་བཤེར་བྱས་པ་བརྒྱུད།ལྷ་རིག་མ་གྲོང་རྡལ་བྲག་རྫོང་གྲོང་ཚོའི་ཁྱིམ་ཚང་གཉིས་ཀྱི་མཐའ་འཁོར་དུ་ངོས་འཛིན་རྩིས་ལེན་བྱེད་མཁན་མེད་ཅིང་ཡོང་ཁུངས་གསལ་པོ་མེད་པའི་ཤིང་ཆ་མང་པོ་སྤུངས་ཡོད་པ་ཤེས་རྟོགས་བྱུང་། ཐོག་མའི་གཏན་འཁེལ་བྱས་པར་གཞིགས་ན། མ་བཅོས་ཤིང་ཆ་187ཡོད་པ་དང་ཤིང་ཆའི་བོངས་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་73.033ཟིན་གྱི་ཡོད་པ་རེད། ནགས་ཚལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་དེ་རྗེས་ཀྱི་འདྲི་རྩད་དང་བརྟག་དཔྱད་བྱེད་རིང་། མང་ཚོགས་ཁྲོད་ཟབ་སྐྱོད་གནང་སྟེ་ཉེན་ཟོན་སློབ་གསོ་དང་ནགས་ལས་ཁྲིམས་ལུགས་སྒྲོག་འགྲེལ་བྱས་པ་དང་། ཉིན་བཞིའི་འབད་བརྩོན་བརྒྱུད་བྱམས་ཆེ་གེ་མོ་དང་ཞོལ་ཆེ་གེ་མོ་གཉིས་ཉེན་རྟོག་རུ་ཆེན་དུ་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པར་སླེབས་ཡོད།  མིག་སྔར། གྱོད་གཞི་འདི་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།


        བྱམས་ཆེ་གེ་མོ་དང་ཞོལ་ཆེ་གེ་མོ་གཉིས་ཀྱིས་ཉེན་རྟོག་པར་2021ལོའི་ཟླ་3པར་ཁོ་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་ལ་དབང་བའི་ནགས་ཚལ་ནང་དུ་གླ་པ་གླས་ནས་ཤིང་ཆ་བཅད་རྗེས་བཅད་ཤུལ་དུ་སྣུམ་བླུགས་པ་དང་ཤིང་ཤུན་བཤུས་པ་སོགས་བྱས་ནས་ཁང་པ་རྒྱག་རྩིས་བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་དེ་ངོས་ལེན་བྱས་ཡོད་པ་དང་། མིག་སྔར་ཉེས་གསོག་དོགས་ཅན་བྱམས་ཆེ་གེ་མོ་དང་ཞོལ་ཆེ་གེ་མོ་གཉིས་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་འདིསྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1