ཇིན་ཚལ། རྒྱུན་གཏན་མི་མང་པོ་ཞིག་ཁྲག་ཤེད་མཐོ་བའི་དབང་གིས་མགོ་ན་བ་སོགས་བྱེད་ཀྱི་ཡོད། གལ་སྲིད་དེའི་སྐབས་ཇིན་ཚལ་སོས་པ་བཟས་ན། ཁྲག་ཤེད་གཅོག་ཐུབ་ནས་མགོ་ན་བ་སོགས་ཀྱི་གནད་དོན་སེལ་ཐུབ།
སྲན་ལྗང་། སྲན་ལྗང་བཟས་ན་ཁྲག་ཤེད་གཅོག་ཐུབ། ད་དུང་རྒྱུན་དུ་སྲན་ལྗང་བསྟེན་པ་ཡིན་ན། ཁྲག་ཚིལ་མཐོ་བའི་ནད་སྔོན་འགོག་བྱེད་ཐུབ།
རྒྱ་སེའི་མེ་ཏོག རྒྱ་སེའི་མེ་ཏོག་སོས་པ་ཁེ་དྲུག་བཅུའམ་ཡང་ན་མེ་ཏོག་གི་འདབ་མ་སྐམ་པོ་ཁེ་བཅོ་ལྔ་ཆུའི་ནང་བསྐོལ་ནས་བཏུངས་པ་ཡིན་ན། ཁྲག་ཤེད་མཐོ་བ་དང་སྣ་ཁྲག་ཐོན་པ་སོགས་ཀྱི་ནད་བཅོས་ཐུབ།
པད་མའི་ཟེའུ་འབྲུ། མེ་ཏོག་པད་མའི་ཟེའུ་འབྲུར་ཁྲག་ཤེད་གཅོག་པ་དང་དྲན་ཤེས་ཡག་ཏུ་གཏོང་བའི་ནུས་པ་སོགས་ལྡན་པས། ཁྲག་ཤེད་མཐོ་བ་དང་། སྙིང་ཁ་ཡང་ཡང་གཡོ་བ། གཉིད་མི་ཁུག་པ་སོགས་ཀྱི་ནད་པས་བསྟེན་ན་ཡག་པོ་ཡོད། དེ་ཡང་པད་མའི་ཟེའུ་འབྲུ་ཁེ་གཅིག་ནས་གཉིས་སྦངས་ནས་ཇའི་ ཚབ་བྱས་ཏེ་བཏུངས་ན་འགྲིག་གི་ཡོད།