མ་གྱུར་སེམས་ཅན་ཐམས་ཅད།
ནག་པོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30
རླུང་གིས་འཕྱོ་འདར་བྱེད་བཞིན་པའི་སྲོག་རྟེན་དེ།
རྩྭ་རྐང་ཉག་གཅིག་གི་ལས་དབང་ཇི་བཞིན།
སུ་ཞིག་གིས་གཅོག་སླ།
ཟླ་བ་བཞིན་གཟའ་ཡིས་འཛིན།
མེ་ཏོག་བཞིན་སད་སེར་བཙའ་ཐན་གྱིས་གསོད།
སྐྱེ་འགྲོ་བཞིན་སྡུག་བསྔལ་གྱིས་ཀྱང་མནར་སྲིད་པས།
རྡུལ་ཕྲན་གཅིག་གི་སྟེང་ན་འཚོ་ཞིང་གནས་པའི་ངས་ཀྱང་།
སེམས་ཅན་ཐམས་ཅད་བདེ་བར་གནས་པའི་ཆེད་དུ།
སྨན་ཁང་ག་གེ་མོའི་ནད་ཁང་ནས་གསོལ་བ་འདེབས།
དུས་ཚོད་ལ་རྫོགས་མཐའ་མེད་པ་བཞིན།
སེམས་ཅད་ཐམས་ཅད་ཀྱི།
སྤྲོ་སྣང་ལའང་རྫོགས་མཐའ་མེད་པར་སྨོན།