དམངས་ཕན་རིག་གནས་ཀྱིས་ཡུལ་སྐོར་བའི་ཡིད་སེམས་འཕྲོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-07


  

    ཟླ་5པའི་ཚེས་2ཉིན། ལི་ཐང་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་རྫོང་ཡུལ་སྐོར་མ་འཇོག་ཀུང་སི་དང་མཉམ་འབྲེལ་གྱིས“ཚོགས་ཆེན་ཉི་ཤུ་དགའ་བས་བསུ། ནམ་ཡང་ཏང་གི་རྗེས་སུ་བསྙེག རྒྱང་སྐྱོད་གསར་པར་འབད་པས་བསྐྱོད”ཅེས་པའི་དམངས་ཕན་རིག་གནས་ཀྱི་མུ་འབྲེལ་བྱེད་སྒོ་སྟེ་མཛེས་ལྗོངས་ཁུལ་ལ་རིག་གནས་བསྐྱལ་ཞེས་པའི་རིག་རྩལ་འཁྲབ་སྟོན་ལི་ཐང་གནའ་གྲོང་དུ་སྤེལ་འགོ་ཚུགས། མཛེས་ལྗོངས་ཁུལ་དུ་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བར་ཡུལ་སྐོར་བ་ལ་རིག་གནས་ཀྱི་གསོལ་སྟོན་ཆེན་པོ་ཞིག་བཤམས་པར་མ་ཟད། ཡུལ་སྐོར་བས་ལི་ཐང་གི་ཐུན་མོང་མ་ཡིན་པའི་ས་གནས་རིག་གནས་ལ་མྱོང་རོལ་བྱེད་པའི་གར་སྟེགས་བསྐྲུན་ཞིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་འབྱུང་བར་སྒུལ་ཤུགས་བསྩལ་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1