ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་25ཉིན། ཁ་ན་ཏའི་ཡུའེ་ཁོན་ཁུལ་གྱི་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་འདྲ་པར་ཞིག་གི་ཐོག་འཁྱག་སའི་བང་རིམ་ནས་ཐོན་པའི་གནའ་བོའི་གླང་རྒོད་ཆུང་ངུ་ཞིག་གི་བེམ་རོ་དེ་མངོན་པ་དང་། ཨ་མེ་རི་ཁ་གླིང་བྱང་མའི་ས་འོག་ནས་བཏོན་པའི་ཧ་ལམ་ཆ་ཚང་བའི་གནའ་བོའི་གླང་རྒོད་ཀྱི་བེམ་རོ་དང་པོ་དེ་རེད། སྔོག་འདོན་ལས་དོན་ནང་ཞུགས་པའི་སའི་རྣམ་པ་རིག་པ་མཁས་ཅན་ཏན·ཧྲུའུ་ཅ་ཡིས་བཤད་རྒྱུར། གནའ་བོའི་གླང་རྒོད་འདིའི་བེམ་རོ་ཉར་ཚགས་བྱས་པ་ཆ་ཚང་སྟེ་སེན་མོ་དང་། པགས་པ། སྤུ། གླང་ཆེན་སྣ་དང་། ནང་ཁྲོལ་ཚང་མ་ཉར་ཚགས་བྱས་ཡོད།