གོ་ལ་ཧྲིལ་པོའི་ཆུ་འོད་གསབ་རེས་ཀྱི་གློག་ཁང་ཆེ་ཤོས་དེ་ཉག་ཆུའི་ཧོར་ར་འོད་ཤུགས་གློག་ཁང་དེ་ཚེས་8ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་དུ་སྐྲུན་འགོ་ཚུགས་པ་རེད།
ཧོར་ར་འོད་ཤུགས་གློག་ཁང་ནི་ཉག་ཆུའི་ཆུ་ཁ་གཉིས་ཀྱི་གློག་ཁང་གི་ཆུ་འོད་གསབ་རེས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་ཤིག་ཡིན་པ་དང་། གློག་ཁང་དེ་ཉག་ཆུ་རྫོང་ཧོར་ར་ཤང་དུ་གནས་པ་དང་། གློག་ཁང་དེ་ས་བབ་མཐོ་ཚད་སྨི་4000ནས་4600བར་བསྐྲུན་ཡོད་ཅིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་53ལྷག་ཙམ་བཏང་ཡོད། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་100ཟིན་པ། ལོ་རེར་ཆུ་ཚོད་1735སྤྱད་ཆོག ལོ་རེའི་ཆ་སྙོམས་གློག་གཏོང་ཚད་ཏུའུ་དུང་ཕྱུར་20ཟིན་ཡོད། 2023ལོར་ཁྱོན་ཡོངས་ནས་གློག་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད་པ་རེད།