“བོད་ལྗོངས་ནུབ་བྱང་གི་ཞང་ཞུང་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ”བཙུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 07-14


        ཉེ་ཆར། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་དང་། མངའ་རིས་དང་། ནག་ཆུ། གཞིས་རྩེ། ཆབ་མདོ་སོགས་གྲོང་ཁྱེར་དང་ས་ཁུལ་བཞིའི་ཡུལ་སྐོར་འཕེལ་རྒྱས་ཅུས(རིག་གནས་ཡུལ་སྐོར་ཅུས)ཀྱིས་རོགས་གཉེར་བྱས་པའི“བོད་ལྗོངས་ནུབ་བྱང་གི་ཞང་ཞུང་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ”བཙུགས་པའི་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། “བོད་ལྗོངས་ནུབ་བྱང་གི་ཞང་ཞུང་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ”འཛུགས་དོན་ནི“སྤྱི་འདོམས་མཐུན་སྦྱོར་དང་། མཉམ་ལས་ཧུར་ཐག གཉིས་ཁེ་གཉིས་ཕན”བཅས་ཀྱི་རྩ་དོན་གཞིར་བཟུང་། བོད་ལྗོངས་ནུབ་བྱང་གི་ཡུལ་སྐོར་སྐོར་ལམ་ཐོན་རྫས་ཞིབ་སྤེལ་ཁྱབ་གདལ་གཏོང་བ་དང་ས་ཁོངས་སྒྲོལ་བའི་ཡུལ་སྐོར་མཉམ་ལས་དམ་འཛིན་བྱ་གཞིར་བྱས་ནས། དམ་ཚགས་དང་ནུས་ཆེའི་མཉམ་ལས་ལམ་སྲོལ་འཛུགས་པ་དང་། ཡུལ་སྐོར་དྲིལ་བསྒྲགས་དང་ཁྱབ་གདལ་གྱི་ཐོན་ཁུངས་ལེགས་སྒྲིག ཡུལ་སྐོར་ཁྲོམ་ར་མཉམ་དུ་རྒྱ་སྐྱེད། ཁྲོམ་རའི་སྒྲིག་ལམ་མཉམ་དུ་སྲུང་སྐྱོང་། ཡུལ་སྐོར་ཐོན་རྫས་མཉམ་དུ་གསར་སྤེལ། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེར་གཏོང་། བོད་ལྗོངས་ནུབ་བྱང་གི་ཡུལ་སྐོར་སྤུས་རྟགས་མཉམ་གཏོད། བོད་ལྗོངས་ཀྱི་འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་ས་ཁོངས་ཡུལ་སྐོར་མཐུན་སྦྱོར་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ཆེད་དུ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1