བར་སྣང་རྒྱལ་ཤེལ་འདིས་པར་ཚོན་ཁྲ་ཅན་ཞིག་བླངས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-14



    ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་7པའི་ཚེས་11ཉིན་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་དེ་ཝེ་པོ་བར་སྣང་རྒྱང་ཤེལ་གྱིས་པར་དུ་བླངས་པའི་ཚོན་ཁྲ་ཅན་གྱི་པར་རིས་ཐོག་མ་དེ་ཁྱབ་བསྒྲགས་བྱས་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན།  འབྱེད་ཚད་མཐོ་བའི་ཚོན་ལྡན་པར་རིས་གཞན་དག་སྤྱི་ཚེས་12ཉིན་ཁྱབ་བསྒྲགས་བྱ་རྒྱུ་རེད་འདུག 

  

ཝེ་པོ་བར་སྣང་རྒྱང་ཤེལ་གྱིས་པར་དུ་བླངས་པའི་ཚོན་ཁྲ་ཅན་གྱི་པར་རིས་ཐོག་མ། 


 


    ཤེས་རྟོགས་བྱུང་བར་གཞིགས་ན། ཝེ་པོ་བར་སྣང་རྒྱང་ཤེལ་བཟོ་བར་ཨ་སྒོར་དུང་ཕྱུར་100བཏང་བ་དང་། དེ་ནི་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་མིག་སྔའི་བར་བསྐྲུན་པའི་ཆེས་ཆེ་ཤོས་དང་ནུས་པ་ཆེས་ཆེ་བའི་བར་མཐོངས་རྒྱང་ཤེལ་དེ་ཡིན་ཞིང་།  རྒྱང་ཤེལ་གྱི་ཚངས་ཐིག་ལ་སྨི་6.5དང་ངོས་ཆེའི་ཟུར་དྲུག་ཤེལ་18ལས་གྲུབ་ཁར། བང་རིམ་5ཅན་གྱི་ཉི་འོད་སྒྲིབ་པང་ཡང་ཡོད།  

 



ཝེ་པོ་བར་སྣང་རྒྱང་ཤེལ། 


 


    ཝེ་པོ་བར་སྣང་རྒྱང་ཤེལ་དེ་སྤྱི་ལོ་2021ལོའི་ཟླ་12པའི་ཚེས་25ཉིན་ཧྥ་རན་སེར་གཏོགས་པའི་ཀུའེ་ཡ་ན་ཁུའུ་ལུའུ་འཇིག་རྟེན་འཕུར་སྐྱོད་ལྟེ་གནས་ནས་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། ཟླ་གཅིག་གི་རྗེས་སུ་སའི་གོ་ལ་དང་ཉི་མའི་མ་ལག་གི་ལ་ཀེ་ལང་ཉི་མའི་ས་ཚིགས་གཉིས་པའི་འཁོར་སྐྱོད་འཁོར་ལམ་ཐོག་ཞུགས་ཤིང་། སའི་གོ་ལ་དང་བར་ཐག་སྟོང་སྨི་ཁྲི་150ལྷག་ཡོད་པ་རེད། 


 


ཝེ་པོ་བར་སྣང་རྒྱང་ཤེལ་འཕེན་གཏོང་གི་རྣམ་པ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1