སྤྱི་ཟླ8པའི་ཚེས13ཉིན་གྱི་ཆུ་ཚོད0པ་ནས24པའི་བར། དཀར་མཛེས་ཁུལ་དུ་ཏོག་གསར་གློ་ཚད་ཀྱི་ནད་པ1མང་དུ་ཕྱིན་པ་དང་། ནད་རྟགས་མེད་པའི་ནད་པ་བྱུང་མེད།
ཏོག་གསར་གློ་ཚད་ཀྱི་ནད་དཔེ་གསུམ་པ།
ཞིང་ཆེན་གཞན་ནས་སི་ཁྲོན་དུ་ལོག་ནས་དཀར་མཛེས་ཁུལ་དུ་ཡོང་ཞིང་། སྤྱི་ཟླ8པའི་ཚེས13ཉིན་གྱི་ཉིང་སྐྱུར་དཔེ་བཤེར་གྱི་མཇུག་འབྲས་ནི་ནད་དུག་ཡོད་པ་ཡིན། ཁུལ་རིམ་པའི་ཆེད་མཁས་ཚོ་ཆུང་གིས་ཕྱོགས་བསྡུས་ཞིབ་འཇུག་བྱས་ནས་ཏོག་གསར་གློ་ཚད་ཀྱི་ནད་དཔེ(ཡང་མོ)ངོས་འཛིན་བྱས་ཏེ་དམིགས་འཛུགས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།
ནད་པའི་འགྲོ་སྐྱོད་གནས་ཚུལ།
སྤྱི་ཟླ8པའི་ཚེས12ཉིན།
ཆུ་ཚོད9:50ལ་ཧྲོང་ལིའུ་གནམ་ཐང་ནས་དུས་གཏན་གནམ་གྲུ3U8639པར་བསྡད་དེ་དར་མདོའི་གནམ་ཐང་དུ་སླེབས། དར་མདོའི་གནམ་ཐང་དུ་ཉིང་སྐྱུར་དཔེ་བཤེར་བྱས་རྗེས་སྒེར་འཁོར་དུ་བསྡད་ནས་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་དུ་སོང་།
ཆུ་ཚོད12:00ཡས་མས་སུ་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་གྱི་ཁང་པེ་སྨན་ཚོང་ཁང་དུ་སྨན་ཉོས་པ་དང་། ཡཱ་ཤང་ཡོན་ཟས་ཁང་དུ་ཟ་མ་བཟས། ཐེན་ལ་ལ་ཚོང་ཁང་དུ་སིལ་ཟས་ཉོས།
ཆུ་ཚོད12:39ཐོག་ལ་རྐང་ཐང་དུ་གྲོགས་པོའི་ཁྱིམ་དུ་སོང་ནས་ཕྱིར་བསྐྱོད་མེད།