ཞིང་ཆེན་སྲིད་གྲོས་ཀྱིས་རྔ་བ་ཁུལ་དུ་རྟོག་ཞིབ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 08-16




ཞིང་ཆེན་སྲིད་གྲོས་ཀྱིས་རང་ཁུལ་དུ་རང་ཞིང་གི་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་བསྐྱར་སྐྱེས་ནུས་རྒྱུའི་ཕྱོགས་བསྡུས་གསར་སྤེལ་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ།


    《སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་2022ལོའི་ལས་དོན་བཀོད་སྒྲིག་གལ་ཆེན》གཞིར་བཟུང་། ཟླ་8ཚེས་2ཉིན་ནས་ཚེས་5ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་མི་དམངས་སྲིད་གཞུང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་གཙོ་ཝང་ཡོན་ཡུང་། ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཞུས་ལི་དང་བཅས་པ་རང་ཁུལ་དུ་ཕེབས་ནས། རང་ཞིང་གི་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་བསྐྱར་སྐྱེས་ནུས་རྒྱུའི་ཕྱོགས་བསྡུས་གསར་སྤེལ་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུའུ་ཧྲི་ཧྲེང་སོགས་ཀྱིས་མཉམ་དུ་རྟོག་ཞིབ་མཛད་རོགས་བྱས།


    རྟོག་ཞིབ་ཚན་ཆུང་གིས་བཙན་ལྷ་རྫོང་སི་ཁྲོན་བཙན་ལྷ་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིའི་སྐས་རིམ་ཆུ་འོད་གསོག་འཇོག་གསབ་རེས་གློག་ཁང་(ཁྲུན་ཁྲང་ཆུ་རགས་གློག་ཁང)དང་། ཧུང་ཡོན་རྫོང་འོད་ཤུགས་རྟེན་གཞི།(འོམ་ཐང་འོད་ཤུགས་གློག་ཁང)མཛོད་དགེ་རྫོང་ཀྲུའོ་ཁུན་འོད་ཤུགས་གློག་ཁང་སོགས་སུ་རྟོག་ཞིབ་བྱས་པ་དང་འབར་ཁམས་སུ་བཞུགས་མོལ་ཚོགས་འདུ་འཚོགས་ལ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཐའོ་ཀང་བཞུགས་མོལ་ཚོགས་འདུར་ཞུགས།


    བཞུགས་མོལ་ཚོགས་འདུའི་ཐོག་རྟོག་ཞིབ་ཚན་ཆུང་དང་བཅས་པས《རྔ་བ་ཁུལ་གྱི་ནུས་རྒྱུ་གཙང་མ་གསར་སྤེལ་བྱས་ཚུལ》དང་། 《འབར་ཁམས་གྲོང་ཁྱེར་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་བསྐྱར་སྐྱེས་ནུས་རྒྱུ་ཕྱོགས་བསྡུས་གསར་སྤེལ་གནས་ཚུལ》དང《ཆུ་མདོ་གློག་ཁང་གི་རྣམ་གྲངས་འཛུགས་སྐྲུན་བྱ་ཚུལ》བཅས་ཀྱི་སྙན་ཞུར་གསན་ལ། ཞིང་ཆེན་སྲིད་གྲོས་ཀྱི་བརྟག་དཔྱད་ཞིབ་འཇུག་ཚན་ཆུང་གི་ཁོངས་མིས་རང་ཁུལ་གྱི་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་བསྐྱར་སྐྱེས་ནུས་རྒྱུའི་ཕྱོགས་བསྡུས་གསར་སྤེལ་ལ་བསམ་འཆར་དང་གྲོས་གཞི་བཏོན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1