སྐབས་12པའི་ཚང་འཛོམས་གྲོས་ཚོགས་ཐེངས་2པའི་སྤྱི་བསྒྲགས་དོན་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-30



        ཀྲུང་གོའི་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་2022ལོའི་ཟླ་11པའི་ཚེས་28ཉིན་ནས་ཚེས་29ཉིན་བར་ཁྲེང་ཏུའུ་རུ་འཚོགས།

        ཚང་འཛོམས་གྲོས་ཚོགས་སུ་ཞུགས་མཁན་ལ་ཞིང་ཨུའི་ཨུ་ཡོན་79དང་། རྗེས་སྣོན་ཞིང་ཨུའི་ཨུ་ཡོན་15ཡོད་པ་དང་། ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུ། ཞིང་ཆེན་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་སུ་ཟུར་ཞུགས་བྱས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་འགའ་དང་ཆེད་མཁས་པ། དེ་མིན་འབྲེལ་ཡོད་ཕྱོགས་ཁག་གི་འཐུས་མིའང་གྲོས་ཚོགས་སུ་ཟུར་ཞུགས་བྱས།

        ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་།


 གྲོས་ཚོགས་ཀྱི་མིང་ཆ་ཚང་།

        ཀྲུང་གོའི་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།

 དུས་ཚོད་དང་ས་གནས།

        2022ལོའི་ཟླ་11པའི་ཚེས་28ཉིན་ནས་ཚེས་29ཉིན་བར་ཁྲེང་ཏུའུ་རུ་འཚོགས།

 ཚོགས་འདུར་ཞུགས་མཁན།

        ཞིང་ཨུའི་ཨུ་ཡོན་79དང་། རྗེས་སྣོན་ཞིང་ཨུའི་ཨུ་ཡོན་15།

 ཟུར་ཞུགས་བྱེད་མཁན།

        ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུ་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། དེ་མིན་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན།

 ལས་འགན་གཙོ་བོ།

        ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་རབ་དང་རིམ་པའི་མཛུབ་ཁྲིད་བརྟན་དུ་གཏོང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱ་རྒྱུ།

        ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་བྱ་རྒྱུ།

        ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱིས་སྤྱིའི་འཐེན་ཤུགས་བྱ་རྒྱུ།

        “ཅན་བཞི་མཉམ་སྤེལ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ཆུས་ལྔ་མཉམ་དར”བཅས་སྤྱིའི་འཛིན་སར་བྱ་རྒྱུ།

        “ཆབ་སྲིད་ལ་སྣང་ཆེན་དང་། འཕེལ་རྒྱས་དམ་འཛིན། དམངས་འཚོར་ཕན་སྒྲུབ། བདེ་འཇགས་འགན་ལེན”བཅས་ཀྱི་ལས་ཀའི་སྤྱིའི་བསམ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ།

        སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བ་སླར་ཡང་སྐས་རིམ་གསར་པར་འཛེག་སྟེ། རྒྱང་སྐྱོད་གསར་པའི་ཐོག་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམ་རྒྱུ།

 སྙན་གསེང་དང་བགྲོ་གླེང་བྱ་ཡུལ།

        ཝང་ཞའོ་ཧུའེ་ཡིས་ཞིང་ཨུའི་རྒྱུན་ཨུའི་ཚབ་མཛད་ནས་ཕུལ་བའི་ལས་ཀའི་སྙན་ཞུ་དང《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་དེ་རྒྱང་སྐྱོད་གསར་པའི་ཐོག་སི་ཁྲོན་གྱི་ལེའུ་གསར་པ་རྩོམ》ཞེས་པའི་བརྗོད་དོན་གཙོ་བའི་སྙན་ཞུ།

 གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་ནི།

        《ཀྲུང་གུང་སི་ཁྲོན་ཞིང་ཨུའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་ཟབ་སྤེལ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ཐོག་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པའི་གཏན་འབེབས》

 ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་།

        ཞིང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཚུན། སི་ཁྲོན་དཀའ་ཁག་ཤིན་ཏུ་ཆེ་ཞིང་ཆེས་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ཞིག་བརྒྱུད་པ་དང་། དཀའ་ངལ་སྣ་ཚོགས་གཅིག་ཐོག་གཅིག་བརྩེགས་དང་། ཉེན་ཁ་སྣ་མང་འདྲེས་མ། འཐབ་ཕྱོགས་མང་པོར་དམག་འཐབ་བཅས་བྱས་ཡོད།

        ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་དང་། སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་དང་ལས་ཀའི་གཙོ་རྐང་དུ་བརྩིས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་མཐའ་འཁྱོངས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། དམིགས་བསལ་གྱི་བྱ་སྤྱོད་ཐོག་ནས་དམིགས་བསལ་ལ་ཁ་གཏད་འཇལ་ཏེ། ངེས་པ་དོན་གྱིས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་དམ་འཛིན་བྱས་ཏེ། བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་གལ་ཆེན་ཡོང་བར་སྐུལ་འདེད་བཏང་ཡོད།

 སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་བྱེད་པར།

        གཙོ་བོར་ཁྱད་ཆོས་དྲུག་མངོན་ཡོད།

        གཅིག་ནི་བཟོ་ལས་ཅན་དེ་དུས་སྐབས་དཀྱིལ་མ་ནས་དུས་སྐབས་མཐའ་མར་རིམ་བསྒྱུར་བྱེད་པའི་སྐུལ་སྤེལ་གྱི་དུས་སུ་གནས་པ།

        གཉིས་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་དེ་མགྱོགས་མྱུར་སྐུལ་སྤེལ་གཏོང་བའི་དུས་སུ་གནས་པ།

        གསུམ་ནི་ཞིང་ལས་དེང་རབས་ཅན་དེ་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་བསྐྱེད་ཀྱི་དུས་སུ་གནས་པ།

        བཞི་ནི་ཆ་འཕྲིན་ཅན་དེ་སྒུལ་ནུས་གློད་པའི་དུས་སུ་གནས་པ།

        ལྔ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དེ་མཉམ་འདྲེས་གཏིང་ཟབ་ཀྱི་དུས་སུ་གནས་པ།

        དྲུག་ནི་ས་ཁོངས་འཕེལ་རྒྱས་དེ་མཐུན་སྦྱོར་ལེགས་གཏོང་གི་དུས་སུ་གནས་པ་བཅས་རེད།


    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་བརྩམ་དགོས།

        འབྱུང་འགྱུར་གྱི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་འགོ་ཁྱོན་ཡོངས་ནས་འཛུགས་པའི་འགག་རྩའི་དུས་སྐབས་ཤིག་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ནས། ཧུར་བརྩོན་དང་རང་འགུལ་སྒོས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཕྱོགས་ཡོངས་ཀྱི་ཁྲོད་དུ་ཁ་ཕྱོགས་གསལ་སྟོན་དང་གནས་ཐིག་གནད་འཁེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། ངེས་པར་དུ་ཁོང་དུ་ཆུད་དགོས་པའི་རྩ་དོན་གལ་ཆེན་བཅས་སི་ཁྲོན་གྱི་ལས་དོན་ཁག་གི་ཁྲོད་དུ་མཚོན་པར་བྱེད་དགོས་པ་དང་། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་སྤྱིའི་ལས་ཀའི་བཀོད་སྒྲིག་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་བཏང་སྟེ་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ། སི་ཁྲོན་གྱི་ཁྱད་ཆོས་མཚོན་པ། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་ཧུར་ཐག་བསྐྱོད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་ཡག་པོ་ཞིག་རྩོམ་དགོས།

 སྤྱིའི་འཛིན་ས།

        “ཅན་བཞི་མཉམ་སྤེལ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ཆུས་ལྔ་མཉམ་དར”བཅས་སྤྱིའི་འཛིན་སར་བྱས་ཏེ། བཟོ་ལས་གསར་པ་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་དུས་ཚོད་ཐད་དུས་མཉམ་དུ་འཕེལ་རྒྱས་འགྲོ་བ་དང་། བར་སྟོང་ཐད་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ། བྱེད་ནུས་ཐད་མཐུན་འགྱུར་ངང་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། ཞིང་ཆེན་ནང་ཁུལ་དུ་སྔོན་ལ་འཕེལ་རྒྱས་ཕྱིན་པ་དང་འཕེལ་རྒྱས་འཕྱི་བའི་ས་ཁུལ་མཐུན་སྦྱོར་མཉམ་དར་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དེར་བརྟེན་སི་ཁྲོན་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་གཅིག་འདོམས་བྱེད་དགོས།

ཅན་བཞི་མཉམ་སྤེལ།

 བཟོ་ལས་ཅན།

        བཟོ་ལས་ཅན་ནི་དེང་རབས་ཅན་དུ་འགྱུར་བའི་ནང་བརྒལ་ཐབས་མེད་པའི་དུས་རིམ་ཞིག་ཡིན། དཔལ་འབྱོར་གོང་དུ་སྤེལ་བའི་ཤུགས་རྒྱག་ས་དེ་ངེས་པར་དུ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་དགོས་པ་དང་། བཟོ་ལས་ཀྱིས་ཞིང་ཆེན་དར་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་ཏེ། བཟོ་སྐྲུན་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ལེགས་ལྡན་ཐོན་ལས་རྩེར་སོན་ཅན་དུ་འགྱུར་བའི་ཐད་ཤུགས་རྒྱག་པ། སྲོལ་རྒྱུན་ཐོན་ལས་དཔེ་གསར་ཅན་དུ་འགྱུར་བའི་ཐད་འབད་བརྩོན་བྱེད་པ། གསར་དར་ཐོན་ལས་གཞི་ཁྱོན་ཅན་དུ་འགྱུར་བའི་ཐད་འགག་སྒྲོལ་ཡོང་ཐབས་བྱེད་པ། བཟོ་ལས་གཙོ་བོར་བཟུང་ནས་སི་ཁྲོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་འགྱུར་བའི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། དུས་མཉམ་དུ་ཞབས་ཞུའི་ལས་རིགས་ཀྱི་ནུས་སྤྲོད་མཉམ་འདྲེས་འཆར་གཞི་ལག་བསྟར་བྱེད་པ། སྤུས་ཀ་དག་ལ་ཕན་འབྲས་ཆེ་བའི་ཞབས་ཞུའི་ལས་རིགས་ཀྱི་མ་ལག་གསར་པ་འཛུགས་པ་བཅས་བྱེད་དགོས།

 ཆ་འཕྲིན་ཅན།

        ཆ་འཕྲིན་ཅན་ནི་དེང་རབས་ཀྱི་ཁྱད་ཆོས་དང་མཚོན་རྟགས་མངོན་གསལ་དོད་ཤོས་ཤིག་ཡིན་པས། ངེས་པར་དུ་ཆ་འཕྲིན་ཅན་གྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲངས་གཞིའི་སི་ཁྲོན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་ཆ་འཕྲིན་ཅན་གྱི་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཁེ་ལས་ལས་རིགས་ཆ་འཕྲིན་ཅན་གྱི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་ཆ་འཕྲིན་ཅན་གྱི་རིམ་སྒྱུར་ལ་སྐུལ་འདེད་གཏོང་བ། གྲངས་གཞིའི་དཔལ་འབྱོར་དང་དངོས་གཉེར་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས།

 གྲོང་ཁྱེར་དང་གྲོང་རྡལ་ཅན།

        གྲོང་ཁྱེར་དང་གྲོང་རྡལ་ཅན་ནི་དེང་རབས་ཅན་དུ་འགྱུར་བའི་འགྲོ་ལམ་ཉག་ཅིག་ཡིན་པས། ངེས་པར་དུ་མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་མཐའ་འཁྱོངས་དང་། གྲོང་ཁྱེར་གྱི་ཚོགས་དང་གྲོང་ཁྱེར་ཁུལ་ལ་བརྟེན་ནས་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་ཆགས་པར་བྱེད་པ། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལས་བགོས་ལུགས་མཐུན་དང་། ནུས་པ་གསབ་རེས། མཉམ་འགུལ་བཟང་པོ་བཅས་ཀྱི་གྲོང་ཁྱེར་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་སྤྱི་ཡོངས་ཀྱི་བཀོད་པ་གང་མགྱོགས་ཆགས་པར་བྱེད་དགོས།

 ཞིང་ལས་དེང་རབས་ཅན།

        ཞིང་ལས་དེང་རབས་ཅན་གྱིས་སི་ཁྲོན་ལ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པས། ངེས་པར་དུ་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཆུ་ཚད་དེ་བས་མཐོ་བའི“ཐེན་ཧྥུའུའི་འབྲུ་མཛོད”གཏོད་རྒྱུར་དམིགས་ཏེ། འབྲུ་རིགས་དང་དཔལ་འབྱོར་སྤྱི་འདོམས་དང་། ཞིང་འབྲོག་མཉམ་འཛིན། འདེབས་གསོ་འཁོར་རྒྱུག་བཅས་ཀྱི་དེང་རབས་ཞིང་ལས་ཀྱི་མ་ལག་ཧུར་ཐག་བསྐྲུན་ནས་ཞིང་ལས་སྟོབས་ཆེའི་ཞིང་ཆེན་གྱི་གསེར་བྱང་སྔར་བས་གསལ་དུ་གཏོང་དགོས།

 གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས།

        གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ནི་དེང་རབས་ཅན་གྱི་མཚོན་རྟགས་གཙོ་བོ་ཞིག་ཡིན་ཞིང་། ངེས་པར་དུ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྣེ་ཁྲིད་པ་དང་། བཟོ་ལས་ཀྱིས་ཞིང་ལས་ལ་དར་སྤེལ་གཏོང་བ་རྒྱུན་འཁྱོངས་པ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་གྲོང་གསེབ་ལ་སྦྲེལ་བ་དང་། སྤྱི་པའི་ཞབས་ཞུ་གྲོང་གསེབ་ལ་ཁེབས་པར་བྱེད་པ། དེང་རབས་ཤེས་རིག་གྲོང་གསེབ་ལ་ཁྱབ་སྤེལ་བྱེད་པར་སྐུལ་འདེད་བཏང་ནས་མགྱོགས་མྱུར་སྒོས་གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཆགས་སུ་འཇུག་དགོས།

 ཆུས་ལྔ་མཉམ་དར།

        ཆུས་ལྔ་མཉམ་དར་ནི་འཕེལ་རྒྱས་དོ་མཉམ་མིན་པའི་གནད་དོན་དངོས་ཡོད་དགོས་མཁོ་ཐག་གཅོད་དང་། སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན། ངེས་པར་དུ་ས་ཁུལ་མི་འདྲ་བའི་སྐྱེས་ཐོབ་ཀྱི་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་རྨང་གཞིའི་ཁྱད་པར་ལ་བསམ་གཞིགས་གང་ལེགས་བྱས་ཏེ། ཆུ་ཚད་མཐོ་བའི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། འགུལ་ནུས་སྔར་ལས་ཆེ་བའི་དེང་རབས་ཅན་གྱི་ཁྲེང་ཏུའུ་གྲོང་ཁྱེར་ཁུལ་འཛུགས་སྐྲུན་བྱེད་པ། འདེགས་སྐྱོར་སྔར་ལས་ནུས་ལྡན་གྱི་ཕལ་པའི་འཕར་གཞི་ཆེ་རུ་གཏོང་བ། དར་རྒྱས་ཞན་པའི་ས་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཁྲེང་ཏུའུ་བདེ་ཐང་དང་། སི་ཁྲོན་གྱི་ལྷོ་རྒྱུད། སི་ཁྲོན་གྱི་བྱང་ཤར། ཕན་ནུབ་དཔལ་འབྱོར་ཁུལ། སི་ཁྲོན་གྱི་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་བཅས་མཉམ་དུ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

 སྤྱིའི་སྣེ་ཁྲིད།

        ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་རང་བཞིན་གྱི་ལས་གཞི་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པས་རྒྱལ་ཁབ་ཀྱི་གཙོ་ཆེའི་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་གྲས་སུ་བཞག་པ་ཡོད་པས། ངེས་པར་དུ་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་སྣེ་ཁྲིད་དུ་འཛིན་དགོས། ཁྲུང་ཆིང་ཕྱོགས་དང་ཁྱོན་ཡོངས་མཉམ་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས་མཐུན་སྦྱོར་མཉམ་འཕེལ་དང་མཉམ་ཁེ་མཉམ་རྒྱལ་ཁྲོད“གྲོང་ཁྱེར་གཉིས་ཀྱི་ཟིན་ཐོ”ལེགས་པར་ལེན་པ་དང་། དཔལ་འབྱོར་ཁུལ་ལེགས་པར་བསྐྲུན་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོན་པོའི་སྣེ་ཚད་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་གསར་པ་བསྐྲུན་དགོས།

 བྱེ་བྲག་ཏུ་ཇི་ལྟར་བསྒྲུབ་དགོས་སམ།

        ཚང་འཛོམས་གྲོས་ཚགས་ཐོག །མ་ལག་གི་འདུ་ཤེས་དང་གཙོ་གནད་དམིགས་འཛིན་གྱི་འགན་ཁུར་རྒྱུན་འཁྱོངས་བྱས་ཏེ། སི་ཁྲོན་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ནུས་ཤུགས་ལྡན་པའི་རོགས་འདེགས་མཁོ་འདོན་བྱེད་དགོས་ཞེས་བསྟན།

        ●  སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་མི་སྣ་འཐབ་ཇུས་ཀྱི་སྣེ་ཁྲིད་དུ་འཛིན་དགོས།

        ●  བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་དེ་རྩ་བའི་སྒུལ་ཤུགས་སུ་འཛིན་དགོས།

        ●  བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དེ་འགན་སྲུང་གལ་ཆེན་དུ་འཛིན་དགོས།

        ●  རིག་གནས་ཡིད་རྟོན་དང་རང་འཕེལ་དེ་ཕུགས་རིང་བའི་བསམ་བློའི་སྟོབས་ཤུགས་སུ་འཛིན་དགོས།

        ●  དམངས་འཚོ་ལེགས་བཅོས་ལ་འགན་སྲུང་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དེ་རིན་ཐང་གི་ཁ་ཕྱོགས་ལ་འཛིན་དགོས།

        ●  སྐྱེ་ཁམས་གཙོ་བོར་འཛིན་པ་དང་འབྱུང་འཕྲོད་འཕེལ་རྒྱས་ལམ་ཕྱོགས་ལ་འཛིན་དགོས།

        ●  ཉེན་ཁ་འགོག་པ་དང་བདེ་འཇགས་སྲུང་བ་འགན་འཁྲིའི་མཐའ་ཚད་དུ་འཛིན་དགོས།

 སྟོབས་ལྡན་གྱི་འགན་ལེན།

        ཚང་འཛོམས་གྲོས་ཚོགས་ཐོག །ཏང་གི་ཁྱོན་ཡོངས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་ཏེ་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་སྟོབས་ཤུགས་ལྡན་པའི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་བསྟན།

        ●  ནན་ཏན་གྱིས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་གི་རང་ངོས་ཀྱི་དྭངས་གཙང་དང་རང་ངོས་ཀྱི་འཐུས་ཚང་། རང་ངོས་ཀྱི་གསར་བརྗེ། རང་ངོས་ཀྱི་ཡར་རྒྱས་ལ་སྐུལ་འདེད་བཏང་སྟེ། འབད་པ་ཆེན་པོས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། ཏང་ཡོན་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་སྔར་ལས་སྟོབས་ཤུགས་ལྡན་པར་བྱེད་དགོས།

        ●  ཏང་གི་ཆབ་སྲིད་འཛུགས་སྐྲུན་གནད་ཆེན་ཨང་དང་པོར་འཇོག་དགོས།

        ●  འབད་པ་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས།

        ●  ནན་ཏན་གྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོངས་བྱེད་དགོས།

        ●  རྒྱུན་མཐུད་ངང་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་ལ་ཤུགས་འདོན་དགོས།

 ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།

        ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་པར་བྱེད་པ་ནི་མིག་སྔའི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཆབ་སྲིད་ཀྱི་འགན་ཁུར་གཙོ་བོ་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པ་གཉིས་ཟུང་དུ་སྦྲེལ་ཏེ། བཀོད་སྒྲིག་གལ་ཆེན་ལ་དམིགས་པ་གཏད་ནས་དོན་འཁྱོལ་བྱེད་པ་དང་། འགན་ཁུར་གཙོ་བོར་དམིགས་ནས་ལག་བསྟར་དམ་འཛིན་དོན་འཁྱོལ་བྱེད་པ། དོན་དམ་ཀྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་ལ་ཕན་ནུས་ཐོན་པར་ཧུར་བརྩོན་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཀྱི་འབོད་སྐུལ།

        ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྔར་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ། ངར་སེམས་ཆེར་བསྐྱེད་དང་ཞུམ་མེད་མདུན་སྐྱོད། འབད་བརྩོན་ལྷོད་མེད། དཀའ་སྤྱད་སྙིང་རུས་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་ལེའུ་ལེགས་པོར་འབྲི་བ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པ་དང་། ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་ རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1