ཞི་ཅིན་ཕིང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-12



ཞི་ཅིན་ཕིང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

ཕན་ཚུན་ལྟ་སྐྱོང་དང་། འདྲ་མཉམ་གཉིས་ཕན། བསྟུན་མཁས་མིག་ལྟོས་བཅས་ཀྱི་ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་བཏང་སྟེ་ལག་གདང་སྦྲེལ་ནས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་ཞེས་ནན་བཤད་གནང་བ།

        འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ། 《ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་བཏང་སྟེ་ལག་གདང་སྦྲེལ་ནས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བཞིན་པ།

 ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་སོགས་ཨ་རབ་མནའ་འབྲེལ་རྒྱལ་ཁབ་21གི་འགོ་ཁྲིད་པ་དང་དེ་བཞིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེ་ཀེ་ཐེ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་དབུ་ཚོགས་ལ་ཞུགས་ཡོད་ཅིང་། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག《ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་བཏང་སྟེ་ལག་གདང་སྦྲེལ་ནས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་རི་ཡ་ཏེ་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་9ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོ་སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེའི་ཨ་པུའུ་ཏུའུ་ལེ་ཨ་ཆི་ཙེ་རྒྱལ་པོའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། དབུ་ཚོགས་ཐོག《ཀྲུང་གོ་དང་ཨ་རབ་ཀྱི་དབུ་ཚོགས་སྐབས་དང་པོའི་རི་ཡ་ཏེའི་བསྒྲགས་གཏམ》སྤེལ་བ་དང་འབྲེལ། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས་ནུས་ཤུགས་ཡོད་རྒུས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་མོས་མཐུན་མཐའ་གཅིག་ཏུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཐོག་གཉིས་པ། པ་རེན་གྱི་རྒྱལ་པོ་ཧ་མ་ཏེ། ཁུ་ཝེ་ཐེའི་རྒྱལ་རྒྱུད་འཛིན་མཁན་སྨི་ཧྲ་ལེ། ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེ། ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ། པ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི། ཁ་ཐར་གྱི་ཨའེ་སྨིར་ཐ་སྨི་མུའུ། ཁོ་མོ་རོའི་ཙུང་ཐུང་ཨ་ཀྲ་ལི། མོ་རི་ཐ་ཉི་ཡའི་ཙུང་ཐུང་ཅཱ་ཚི་ཝ་ཉི། དབྱི་རག་གི་ཙུང་ལི་སུའུ་ཏ་ཉི། མོ་རོ་ཁོའི་དབུ་བཞུགས་བློན་ཆེན་ཨ་ཧོ་ནུའུ་ཧྲི། ཨར་ཅི་རི་ཡའི་ཙུང་ལི་ཨ་པུའུ་ཏུའུ་ལ་ཧོ་མན། ལེ་པ་ནོན་གྱི་ཙུང་ལི་སྨི་ཁ་ཐི་སོགས་ཨ་རབ་མནའ་འབྲེལ་རྒྱལ་ཁབ་21གི་འགོ་ཁྲིད་པ་དང་དེ་བཞིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེ་ཀེ་ཐེ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་དབུ་ཚོགས་ལ་ཞུགས་ཡོད་པ་རེད།

        ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས《ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་བཏང་སྟེ་ལག་གདང་སྦྲེལ་ནས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དར་གོས་གནའ་ལམ་དུ་ཕན་ཚུན་ཤེས་རྟོགས་དང་སྤེལ་རེས། མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་བྱེད་རིང་སྐྱིད་སྡུག་མཉམ་མྱོང། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་རླབས་རྒྱུན་ཁྲོད་མཉམ་ལས་གཉིས་ཕན། རྒྱལ་སྤྱིའི་འཕོ་འགྱུར་ཁྲོད་བདེན་དོན་བརྟན་སྲུང་བཅས་བྱས་ཏེ“ཕན་ཚུན་ལྟ་སྐྱོང་དང་། འདྲ་མཉམ་གཉིས་ཁེ། བསྟུན་མཁས་མྱོང་ལེན”བཅས་ཀྱི་ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་སྙིང་སྟོབས་གཅིག་ཏུ་བསྒྲིལ་ཡོད། ཕན་ཚུན་ལྟ་སྐྱོང་བྱེད་པ་ནི་ཀྲུང་གོ་དང་ཨ་རབ་དབར་གྱི་མཛའ་གྲོགས་ཀྱི་ཁྱད་ཆོས་མངོན་གསལ་ཞིག་རེད། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་བྱས་ནས་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་པས། འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་པོ་བྱུང་ཡོད། འདྲ་མཉམ་གཉིས་ཁེ་ནི་ཀྲུང་གོ་དང་ཨ་རབ་མཛའ་གྲོགས་ཀྱི་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་རེད། ཀྲུང་གོ་དང་ཨ་རབ་ཀྱིས་གཉིས་ཁེ་གཉིས་ཕན་བྱས་ནས་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད། བསྟུན་མཁས་མྱོང་ལེན་ནི་ཀྲུང་གོ་དང་ཨ་རབ་མཛའ་གྲོགས་ཀྱི་རིན་ཐང་གི་ཁ་ཕྱོགས་ཤིག་རེད། ཀྲུང་གོ་དང་ཨ་རབ་གཉིས་པོས་ཕན་ཚུན་ལྟ་བ་མཐུན་པ་དང་། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་མྱོང་ལེན་། ཤེས་དཔལ་བགྲོ་གླེང་མཉམ་དུ་དར་སྤེལ་གཏོང་བ་བཅས་བྱས་ཏེ་འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། མིག་སྔར་འཛམ་གླིང་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སྐབས་སུ་སླེབས་པ་དང་འཛམ་གླིང་དབུས་ཤར་ས་ཁུལ་ལ་འགྱུར་ལྡོག་གསར་པ་གཏིང་ཟབ་འབྱུང་བཞིན་ཡོད། ཨ་རབ་མི་དམངས་ལ་ཞི་བདེ་དང་འཕེལ་རྒྱས་ཡོང་རེ་བྱེད་པའི་འདུན་པ་དེ་བས་ཆེན་པོ་ཡོད་ལ། དྲང་གཞག་དྲང་བདེན་བརྩོན་ལེན་བྱེད་པའི་འབོད་སྒྲ་ཡང་དེ་བས་ཆེན་པོ་ཡོད། འཐབ་ཇུས་རོགས་ཟླའི་ངོས་ནས་ཀྲུང་གོ་དང་ཨ་རབ་ཀྱིས་ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན། དེ་བས་ཟབ་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་པ་བཅས་བྱས་ནས། ཕྱོགས་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་པ་དང《ཀྲུང་གོ་དང་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་འཆར་འགོད་རྩ་གནད》དོན་འཁྱོལ་གོམ་སྟབས་དང་པོར་བརྩིས་ནས། འབྱུང་འགྱུར་ལོ་3ནས་5བར། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། འབྲུ་རིགས་བདེ་འཇགས། འཕྲོད་བསྟེན་བདེ་ཐང་། ལྗང་མདོག་གསར་གཏོད། ནུས་རྒྱུ་བདེ་འཇགས། ཤེས་དཔལ་བགྲོ་གླེང་། གཞོན་ནུ་འཇོན་པོ། བདེ་འཇགས་བརྟན་ལྷིང་སོགས་ཁྱབ་ཁོངས་བརྒྱད་ནས“ཐུན་མོང་གི་བྱ་སྤྱོད་ཆེན་པོ་བརྒྱད”ལ་སྐུལ་འདེད་བཏང་སྟེ་སྔ་ཙམ་ཕན་འབྲས་ཐོན་པའི་བརྩོན་ལེན་བྱེད་འདོད་ཡོད་ཅེེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། ཕ་ལེ་སི་ཐན་གྱི་གནད་དོན་ནི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འབྲེལ་བ་ཡོད། ཕ་ལེ་སི་ཐན་གྱི་མི་དམངས་ལ་འཕྲད་པའི་ལོ་རྒྱུས་ཀྱི་དྲང་གཞག་མིན་པའི་གནད་དོན་ཡུན་རིང་ཐག་གཅོད་མ་བྱས་པར་འཇོག་མི་རུང་བ་དང་། ཁྲིམས་མཐུན་གྱི་མི་རིགས་དབང་ཆ་ཉོ་ཚོང་བྱ་མི་ཆོག་པ། རང་ཚུགས་རྒྱལ་བཙུགས་ཀྱི་འདུན་པར་ཁས་ལེན་མི་བྱེད་པ་བྱ་མི་ཆོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”དད་སེམས་བརྟན་དུ་གཏོང་བ་དང“ས་ཆར་བརྟེན་ནས་ཞི་བདེ་བརྗེ་བའི”རྩ་དོན་བརྟན་སྲུང་བྱས་ནས། བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བར་མཐའ་གཅིག་ཏུ་གཞོལ་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་དྲང་གཞག་ངང་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་ཕྱོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མུ་མཐུད་བྱས་ནས་ཕ་ལེ་སི་ཐན་ཕྱོགས་ཀྱིས་དམངས་འཚོ་འཛུགས་སྐྱོང་གི་རྣམ་གྲངས་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་བ་རེད། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེས་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་གྱི་ཚབ་ཞུས་ནས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་ཨ་རབ་དང་ཀྲུང་གོའི་དབུ་ཚོགས་སྐབས་དང་པོར་ཞུགས་པར་དགའ་བསུ་ཞུས་པ་དང་འབྲེལ། དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་རྟེན་འབྲེལ་ཡང་ཞུས་པ་རེད།

        ཚོགས་ཞུགས་ཨ་རབ་ཕྱོགས་ཀྱི་འགོ་ཁྲིད་པས་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་དེ་བཞིན་བཏོན་གནང་བའི“ཐུན་མོང་གི་བྱ་སྤྱོད་ཆེན་པོ་བརྒྱད”དང་ལེན་ཧུར་ཐག་ཞུས་ཤིང་། ཁོང་རྣམ་པས། དེང་སྐབས་འཛམ་གླིང་ལ་ཁ་ཕྲལ་དང་ཁ་གཏད་དུ་ལངས་པའི་ཉེན་ཁ་འཕྲད་བཞིན་ཡོད་ལ། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་སྔར་བཞིན་གནས་ཡོད་པས། ཨ་རབ་དང་ཀྲུང་གོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་ནི་དྲང་གཞག་དྲང་བདེན་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་གོང་འཕེལ་སྲུང་སྐྱོང་ལ་ཕན་ཐོགས་ཡོད། ད་ཐེངས་འཚོགས་པའི་ཨ་རབ་དང་ཀྲུང་གོའི་དབུ་ཚོགས་དུས་ལ་འཁེལ་བ་ཞིག་ཡིན་པ་ལས། ཨ་རབ་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་མཐོ་པོ་མཚོན་ཡོད་ལ། ཨ་རབ་དང་ཀྲུང་གོའི་མཉམ་ལས་གླེང་སྟེགས་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་ཞིག་ཀྱང་རེད། ཨ་རབ་ཕྱོགས་ཀྱིས་ད་ཐེངས་ཀྱི་དབུ་ཚོགས་བརྒྱུད། ཨ་རབ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་གཉིས་ཁེ་མཉམ་ལས་ལ་ཕྱོགས་ཡོངས་ནས་འཆར་འགོད་དང་ཤུགས་སྣོན། དུས་རབས་གསར་པར་ཕྱོགས་པའི་ཨ་རབ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་པ། ཨ་རབ་དང་ཀྲུང་གོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་གསར་པར་འདེགས་པ། ཨ་རབ་དང་ཀྲུང་གོའི་ཐུན་མོང་གི་ཁེ་ཕན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་བཅས་བྱས་ཏེ་ཨ་རབ་དང་ཀྲུང་གོའི་མི་དམངས་ཀྱི་ཐུན་མོང་རེ་འདུན་མངོན་འགྱུར་ཡོང་བའི་རེ་བ་ཡོད་ལ། ད་ཐེངས་ཀྱི་དབུ་ཚོགས་ཨ་རབ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད་ཅེས་གསུངས་པ་རེད།

        དབུ་ཚོགས་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རབ་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་འཆར་འགོད་རྩ་གནད》དང《ཞི་བདེ་དང་འཕེལ་རྒྱས་ལ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཡིག་ཆ》བཀྲམ་པ་རེད།

        ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཨ་རབ་ཕྱོགས་དང་། དེ་བཞིན་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་ཁོངས་གཏོགས་སྒྲིག་གཞི་བཅས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ནུས་རྒྱུ། འབྲུ་རིགས། མ་དངུལ། ལྗང་མདོག བདེ་འཇགས། འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་ཡིག་ཆར་མིིང་རྟགས་བཀོད་པ་དང་འབྲེལ་མཉམ་ལས་ཀྱི་ཡིག་ཆ་མང་པོར་གྲོས་མཐུན་ཡང་བཞག་པ་རེད།

ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་སོགས་ཨ་རབ་མནའ་འབྲེལ་རྒྱལ་ཁབ་21གི་འགོ་ཁྲིད་པ་དང་དེ་བཞིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེ་ཀེ་ཐེ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་དབུ་ཚོགས་ལ་ཞུགས་ཡོད་ཅིང་། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག《ཀྲུང་གོ་དང་ཨ་རབ་ཀྱི་        མཛའ་གྲོགས་སྙིང་སྟོབས་དར་སྤེལ་བཏང་སྟེ་ལག་གདང་སྦྲེལ་ནས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

       


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1