མཉམ་འབྲེལ་རྒྱལ་ཚོགས་ཐོག་གྲོས་ཆོད་འདི་ལ་གྲོས་འཆམ་བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-22


        མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་12ཚེས་20ཉིན་གྲོས་ཆོད་ཨང་2666ལ་གྲོས་འཆམ་བྱུང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་ཀོའི་བརྟན་ལྷིང་ཆེད་མངགས་ཚོགས་པའི་འགན་ཡུན་ལོ་གཅིག་རིང་དུ་བཏང་སྟེ། 2023ལོའི་ཟླ་12ཚེས་20ཉིན་བར་ཕྱིར་འགྱངས་བྱས་པ་རེད།

        གྲོས་ཆོད་ལ་གཞིགས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྟན་ལྷིང་ཚོགས་པའི་འཐབ་ཇུས་ཀྱི་ལས་འགན་སྔོན་མ་ནི་མི་སེར་ལ་སྲུང་སྐྱོང་དང་། བརྟན་ལྷིང་ལ་གཞོགས་འདེགས།  ཁོང་ཀོའི་རྒྱལ་ཁབ་སྒྲིག་གཞིར་ཤུགས་སྣོན། རྒྱལ་ཁབ་བཅོས་སྐྱོང་དང་བདེ་འཇགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་རྒྱབ་སྐྱོར་བཅས་བྱ་རྒྱུ་དེ་རེད།

        གྲོས་ཆོད་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྟན་ལྷིང་ཚོགས་པའི་ཞིབ་བཤེར་གཏན་འབེབས་དཔུང་སྡེའི་མི་གྲངས་མཐོ་ཤོས་སུ་དམག་དོན་མི་སྣ་ཁྲི་1.35དང་། དམག་དོན་ལྟ་ཞིབ་པ་དང་འཐབ་ཇུས་མི་སྣ་660། ཉེན་རྟོག་ལས་དོན་མི་སྣ་591དང་། སྒྲིག་གཞི་ཚང་བའི་ཉེན་རྟོག་དཔུང་སྡེའི་མི་སྣ་1410བཅས་ཚུད་ཡོད་ཅེས་གཏན་འབེབས་བྱས་པ་རེད། གྲོས་ཆོད་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྟན་ལྷིང་ཚོགས་པའི་དམག་དོན་བཀོད་སྒྲིག་ཆུ་ཚད་སྔར་ལས་དམའ་རུ་གཏོང་རྒྱུའི་བསམ་གཞིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        ཚེས་20ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་དུང་གྲོས་ཆོད་ཨང་2667ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ནས། ཁོང་ཀོའི་སྲིད་གཞུང་གིས་མཚོན་ཆ་ནང་འདྲེན་བྱེད་པར་ཐོ་འགོད་སྙན་སེང་བྱེད་པའི་བླང་བྱ་མེད་པར་བཟོ་རྒྱུའི་གཏན་འབེབས་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1