ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་3ཉིན། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཁྲིམས་འཛིན་པུའི་དཔོན་རིགས་ཤིག་གིས་ཨ་རིའི་ཁྲིམས་འཛིན་པུའི་པུའུ་ཀྲང་ཅྰ་ལན་ཉིན་དེར་ཡུག་རེན་དུ་འཚམས་འདྲིར་སོང་བ་རེད།
དཔོན་རིགས་དེས་ཅྰ་ལན་གྱིས་ཡུག་རེན་གྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་གྱི་གདན་ཞུས་ལྟར། ཡུག་རེན་གྱི་ལི་ཝོ་ཧྥུ་རུ་བསྐྱོད་པ་དང་འབྲེལ། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་དང་མཉམ་དུ་ཚོགས་འདུར་ཞུགས་ཡོད་ཅེས་བཤད་པ་རེད།
ད་དུང་དཔོན་རིགས་དེས་ཅྰ་ལན་གྱི་ད་ཐེངས་ཀྱི་འཚམས་འདྲིའི་ལམ་ཐིག་དེ་སྔོན་ཚུད་ནས་ཁྱབ་བསྒྲགས་བྱས་མེད་ཅེས་བཤད་པ་རེད།