ས་སྨུག་འཐིབ་སྐབས། འབག་བཙོག་དངོས་པོ་ཡིས་མིག་དང་སྣ། མིད་པ་བཅས་ཀྱི་འབྱར་སྐྱི་ཕུང་གྲུབ་དང་སྐྱི་མོ་བརྒྱུད་ནས་ཐད་ཀར་ལུས་པོ་ལ་ཚད་རིམ་མི་འདྲ་བའི་ཟུག་སློང་ནད་རྟགས་སམ་ཡང་ན་ཚོར་ལོག་ཚུར་སྣང་འབྱུང་དུ་འཇུག་པར་མ་ཟད། ད་དུང་ས་སྨུག་གི་ཐལ་རྡུལ་མིའི་དབུགས་ལམ་བརྒྱུད་ནས་ཁོག་ལ་སོང་ན། དབུགས་ལམ་མ་ལག་གི་ནད་རིགས་སྣ་ཚོགས་ཀྱང་བསྐྱེད་པ་ཡིན།
རྒན་པ་དང་བྱིས་པ། སྦྲུམ་མ། དབུགས་ལམ་མ་ལག་གི་ནད་རིགས་ཡོད་མཁན། སྙིང་རྩའི་ནད་རིགས་ཡོད་པའི་མི་བཅས་ནི་ཚོར་སྐྱེན་ཆེ་བའི་རིགས་ཡིན་སྟབས། ས་སྨུག་འཐིབ་སྐབས། ཚོར་སྐྱེན་ཆེ་བའི་མི་རྣམས་ཕྱི་རོལ་དུ་འགྲོ་རྒྱུ་ཇེ་ཉུང་ལ་གཏང་དགོས་པ་དང་། གལ་ཏེ། དལ་གཤིས་གློ་ལུ་བ་ལ་ལུད་པ་ཡོད་པའམ་ཡང་ན་དབུགས་འགག་པ། འཕར་གཤིས་འཚང་འགག(发作性喘憋)དང་བྲང་གཟེར་བཅས་བྱུང་ན། མྱུར་དུ་སྨན་པར་བསྟེན་དགོས། བྱ་བའི་དབང་གིས་ཕྱི་རོལ་ཡུལ་ནས་འདུག་དགོས་པའི་མི་སྟེ། འགྲིམ་འགྲུལ་ཉེན་རྟོག་པ་དང་ཁོར་སྲུང་ལས་སྒྲུབ་པ། ཨར་ལས་པ་སོགས་ཀྱིས་མི་སྒེར་གྱི་འགོག་སྲུང་བྱེད་ཐབས་ལེགས་པོར་བསྒྲུབ་དགོས།
ས་སྨུག་འཐིབ་སྐབས། ནུས་ཚོད་ཀྱིས་ཁང་བའི་ནང་དུ་འདུག་དགོས་པར་མ་ཟད། ད་དུང་འགོག་སྲུང་གི་འབྲེལ་ཡོད་བྱེད་ཐབས་ཀྱང་ལག་བསྟར་བྱ་དགོས་པ་སྟེ།
ཀ དུས་ཐོག་ཏུ་སྒོ་དང་སྒེའུ་ཁུང་དམ་པོར་གཏན་ནས་ས་རྡུལ་ཁང་བའི་ནང་དུ་ཡོང་མི་ཐུབ་པར་བྱེད་པ།
ཁ། རས་ཕྱགས(墩布)དང་ལག་ཕྱིས་རློན་པ་སོགས་ཀྱིས་ཁང་བའི་ནང་གི་ས་རྡུལ་གཙང་མར་ཕྱགས་པ།
ག རླན་ཆས(加湿器)སྤྱོད་པ་དང་ཆུ་གཏོར་བ་སོགས་ཀྱིས་ཁང་བའི་ནང་གི་མཁའ་རླུང་རླན་ཚད་འོས་འཚམ་དུ་གཏོང་བ།
ང་། ཆ་རྐྱེན་འཛོམས་ན་ཁང་བའི་ནང་དུ་མཁའ་དབུགས་གཙང་ཆས(空气净化器)སྤྱོད་པ་བཅས་སོ།།
གལ་ཏེ། ཕྱི་རོལ་དུ་འགྲོ་དགོས་ན། མི་སྒེར་གྱི་བདེ་ཐང་སྲུང་སྐྱོབ་ལ་མཉམ་འཇོག་བྱ་དགོས་པ་སྟེ།
ཀ ཁ་ཐུམ་བརྒྱབ་སྟེ་བྱེ་རླུང་གིས་དབུགས་ལམ་ལ་གནོད་སྐྱོན་བཟོ་ཚད་ཇེ་ཆུང་གཏང་དགོས། ས་སྨུག་འཐིབ་སྐབས། ཐལ་རྡུལ་དང་རྔུབ་རུང་རིལ་རྡུལ། རིལ་རྡུལ་ཕྲ་མོ་བཅས་ཀྱང་ཡོད་པས། N95ཁ་ཐུམ་དང་འགོག་སྲུང་ཚད་རིམ་དེའི་ཡན་གྱི་ཁ་ཐུམ་རིགས་བརྒྱག་དགོས།
ཁ། རླུང་འགོག་མིག་ཤེལ་བརྒྱབ་སྟེ་བྱེ་རླུང་གིས་མིག་ལ་གནོད་སྐྱོན་བཟོ་བར་སྔོན་འགོག་བྱ་དགོས། གལ་ཏེ་ས་རྡུལ་མིག་ནང་ལ་སོང་ན། ལག་པས་མི་འཕུར་པར་འཕྲལ་མར་བཞུར་ཆུ་དྭངས་མོའམ་ཡང་ན་མིག་སྨན་སྤྱད་ནས་གཙང་སེལ་བྱ་དགོས། ད་དུང་མི་བདེ་བ་འདྲ་ཡིན་ན། དུས་ཐོག་ཏུ་སྨན་པར་བསྟེན་དགོས།
ག ཞྭ་མོ་སོགས་གོན་ནས་བྱེ་རླུང་གིས་སྐྲ་དང་རྣ་ཅོག་ལ་གནོད་པ་མི་ཐེབས་པར་བྱ་དགོས།
ང་། ཕྱི་ནས་ཁང་བའི་ནང་ལ་ཐོན་རྗེས། འཕྲལ་མར་ལག་པ་དང་ངོ་བཀྲུ་བ། ཆུ་གཙང་མས་ཁ་ནང་གཤལ་བ། སྣ་ཁུང་སེལ་བ། ཆ་རྐྱེན་འཛོམས་ན་ལུས་པོ་བཀྲུ་བ་དང་ལྭ་བ་བརྗེས་ནས་ལུས་ཡོངས་གཙང་ཞིང་བདེ་བར་གནས་པ་བཅས་བྱ་དགོས།
དེ་མིན། ས་སྨུག་འཐིབ་སྐབས། མཁའ་དབུགས་ལ་སྐམ་གཤིས་ཆེ་བའི་རྐྱེན་གྱིས་མཆུ་སྒྲོས་ལ་སེར་ཁ་གས་ཤིང་། སྣ་ཁུང་དང་མིད་པར་ཟ་འཕྲུག་ལངས་པ་སོགས་བྱུང་ན། ཆུ་ཁོལ་མང་དུ་འཐུང་བ་དང་། འཚོ་བཅུད་འཛོམས་པའི་སྔོ་ཚལ་དང་སིལ་ཏོག་རིགས་མང་དུ་ཟོས་ན་ཕན་པ་ཡིན།