སེར་ཤུལ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་ལས་དོན་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེར་ཤུལ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས། སྤེལ་དུས། 04-11


        ཉེ་ཆར། སེར་ཤུལ་རྫོང་གིས་ཆུ་འགོ་སྲུང་སྐྱོང་དང་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་བཙུགས་པ་དང་། རྩྭ་ཐང་ཞན་འགྱུར་གྱི་གནས་ཚུལ་བསྒྱུར་ནས། གནོད་ཡོད་སྐྱེ་དངོས་ཀྱིས་རྩྭ་ཐང་ལ་གཏོར་བཤིག་གཏོང་རྒྱུ་སྔོན་འགོག་ནུས་ལྡན་བྱེད་ཆེད་དཔྱིད་དུས་གནོད་ཡོད་སྐྱེ་དངོས་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་དོན་དེ་སྡེ་གཞུང་མ་ཡུལ་ཤོག་ཏུ་སྤེལ་བ་རེད།

        ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་དེས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་ཁྲིད་བྱས་ཡོད། འབྲོག་པས་ཕ་ཡུལ་ལ་སྲུང་སྐྱོང་དང་རྩྭ་ཐང་ལ་སྲུང་སྐྱོང་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད་ལ། འབྲོག་པ་བློ་ཡིད་ཚིམ་པར་བྱས་ནས་སེར་ཤུལ་རྫོང་གི་འབྲོག་ལས་ཐོན་ལས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ལ་བདེ་འཇགས་ལྡན་པའི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་འགན་ལེན་བྱས་པར་མ་ཟད། རྩྭ་ཐང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1