སྒེར་རྩེ་རྫོང་ནི་“འཛམ་གླིང་ཡང་རྩེའི་ཡང་རྩེ་”བོད་ལྗོངས་མངའ་རིས་ས་ཁུལ་ཤར་རྒྱུད་ཀྱི་བོད་བྱང་ཐང་གི་དབུས་སུ་གནས་ཤིང་། སྒེར་རྩེ་རྫོང་ནས་བར་ཐག་སྤྱི་ལེ་80ཙམ་ཡོད་པའི་དུང་མཚོ་ཤང་མཆོད་རྟེན་གྲོང་ཚོའི་དུང་མཚོའི་ལྷོ་ངོགས་ཀྱི་རྒྱལ་ལམ་216པའི་ཉེ་འགྲམ་དུ་“ས་གཞི་ཆེན་མོའི་ལྗོན་པ་”ཡི་རང་བྱུང་མཛེས་ལྗོངས་ཤིག་མཐོང་རྒྱུ་ཡོད།
ཉེ་ས་ནས་བལྟས་ན། སྡོང་ཕྲུག་མང་པོ་ལས་གྲུབ་པའི་ནགས་ཚལ་འདྲ་ལ། མཐོངས་ནས་བལྟས་ན་སྡོང་པོ་ཆེན་པོ་ཞིག་དང་འདྲ། བཞུར་ཆུའི་ཤུལ་རྗེས་ལས་ཤིང་སྡོང་ཆེན་པོ་དང་ཡལ་གའི་དབྱིབས་མངོན་པ་མ་ཟད། ཡལ་ག་གྱེས་ཤུལ་ཡང་གསལ་པོར་མཐོང་རྒྱུ་ཡོད་པས་ངོ་མཚར་ཤིན་ཏུ་ཆེ།