སྨན་དང་ལག་རྩལ་བསྐྱལ་ཏེ་དམངས་ཀྱི་དཀའ་ངལ་བསལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 05-05


        ཕྱུགས་ལས་ཀྱི་ཐོན་ལས་ནི་བཞག་ལྡོམ་གྲོང་རྡལ་གྱི་དཔལ་འབྱོར་གྱི་འདེགས་སྐྱོར་དང་གཙོ་ཁྲིད་ཐོན་ལས་ཡིན་པས།  གྲོང་རྡལ་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ལམ་བུ་རྒྱ་བསྐྱེད་དེ།  ཕྱུགས་ལས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ཆེད།  གསོ་སྤེལ་ཁྱིམ་ཚང་གི་ནད་རིགས་ཚབས་ཆེན་རིགས་འགོག་བཅོས་ཀྱི་ལག་རྩལ་ཇེ་ལེགས་སུ་གཏོང་བར་རོགས་རམ་གནང་།

        ཉེ་ཆར་བཞག་ལྡོམ་གྲོང་རྡལ་གྱིས་རྫོང་ཚན་རྩལ་ཞིང་ལས་ཅུས་དང་མཉམ་འབྲེལ་སྒོས།  གྲོང་རྡལ་ཡོངས་སུ་ཟླ་5པའི་སྨན་དང་སྨན་རྫས་དང་ལག་རྩལ་བཅས་འབྲོག་ཁྱིམ་དུ་སྐྱེལ་བའི་བྱེད་སྒོ་སྤེལ།  བྱེད་སྒོར་རྫོང་ཚན་རྩལ་ཞིང་ལས་ཅུས་ཀྱི་དགེ་རྒན་4དང་དཔལ་སྐྱིད་གྲོང་རྡལ་གྱི་མཐོ་རིམ་ཕྱུགས་བཅོས་སྨན་པས།  བྱེ་བྲག་ཏུ་སྲོག་ཆགས་ཀྱི་ནད་རིགས་འགོག་བཅོས་དང་ཟུང་འབྲེལ་གསུམ་གྱི་གསོ་སྤེལ་གཅིག་བསྡུས་ལག་རྩལ།  ཕྱུགས་རྒྱུད་ལེགས་སྤེལ་བཅས་ཀྱི་ནང་དོན་འགྲེལ་བཤད་གསོ་སྦྱོང་སྤེལ།  དེ་ནས་ཡུལ་དངོས་སུ་ལག་རྩལ་གྱི་ལག་ལེན་དང་མཛུབ་སྟོན་གནང་བར་མ་ཟད།  འབུ་འདེད་སྨན་རྫས་དང་བཤལ་སྨན།  དུག་སེལ་སྨན་རྫས་སོགས་སྨན་རིགས་འདྲ་མིན་དམ་བེ་460ལྷག་མཁོ་འདོན་བྱས་པ་དང་།  ནད་རིགས་ཚབས་ཆེན་དང་སྤྱིར་བཏང་རིགས་འགོག་བཅོས་སྐོར་གྱི་སྒྲོག་ཤོག་800ལྷག་བཀྲམ།

        ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད།  བཞག་ལྡོམ་གྲོང་རྡལ་གྱི་སྲོལ་རྒྱུན་ཕྱུགས་ལས་ཀྱི་ཐོན་ལས་ནི་དེང་རབས་ཚན་རིག་ཅན་གྱི་ཐོན་ལས་སུ་འགྱུར་བར་རམ་འདེགས་སྒོས།  མི་དང་རྩྭ་ཕྱུགས་བཅས་དོ་སྙོམས་པའི་སྐྱེ་ཁམས་རྒྱུན་མཐུད་ཁོར་སྲུང་འདུ་ཤེས་ཇེ་ཆེར་བཏང་བ་དང་།  རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་གསོ་སྤེལ་ཆེད་ལས་ལག་རྩལ་གྱི་ཆུ་ཚད་ཇེ་མཐོར་བཏང་སྟེ།  འབྲོག་པ་མང་ཚོགས་ལ་ཕྱུགས་གྲངས་ཉུང་དུ་བཏང་རུང་ཡོང་འབབ་ཉུང་དུ་མི་འགྲོ་བ་མངོན་དུ་འགྱུར་བར་འགན་བླངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1