ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་གིས་ལྗང་མདོག་གི་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་མིང་བྱང་གསར་བ་བཏོད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 05-19


        ཟླ4པའི་ཟླ་དཀྱིལ་དུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་ཁྱོན་ཡོངས་ནས་དཔྱིད་རྨོད་བྱེད་མགོ་ཚུགས། འཕྲུལ་ཆས་ཀྱི་ལྡུར་སྒྲ་དང་འགྲོགས་ནས་ཞིང་བ་རྣམས་ལས་ལ་བྲེལ་བ་དང་། ནོར་ནག་རྣམས་ཁྱུ་དང་ཁྱུ་ཚོགས་བཞིན་རྩྭ་ཐང་དུ་བག་ཕེབས་ངང་རྩྭ་བཟས་ཏེ། ལྗང་མདོག་གི་སྐྱེ་ཁམས་ཞིང་ཕྱུགས་འཕེལ་རྒྱས་ཀྱི་འཆར་འགོད་རིམ་བཞིན་ལག་བསྟར་བྱས།

        ཞིང་ཕྱུགས་ལས་ནི་ནང་ཆེན་རྫོང་གི་འབྱོར་འབྲིང་རྨང་གཞི་དང་། འཕེལ་རྒྱས་ཀྱི་རྩ་བ། བརྟན་ལྷིང་གི་གཙོ་གནད་བཅས་ཡིན། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་བསྟུན་ནས། ནང་ཆེན་རྫོང་གིས་ཞིང་ཕྱུགས་ལས་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཡངས་ཤིང་རྒྱ་ཆེ་བའི་ཞིང་ཕྱུགས་ཁུལ་དུ་འཕེལ་རྒྱས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་སྣང་རྒྱུན་མཐུད་ངང་ཆེ་རུ་ཕྱིན།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1