འབྲས་བུ་བཟང་བོའི་སྡོང་བོ་དང་བཏུང་བ་ཞིམ་པོའི་ཆུ་མགོ་དྲན་དགོས། མཛོད་དགེ་རྫོང་ནི་རྨ་ཆུ་སི་ཁྲོན་དུ་བཞུར་བའི་ཁྱབ་ཁོངས་གཙོ་བོ་ཡིན་ལ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་གནས་དང་གསབ་ཡུལ་གལ་ཆེན་དང་། རྒྱལ་ཁབ་ཀྱི་ན་འདམ་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་བཅས་ཡིན་པས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་སྒོས། མཐུན་སྒྲིལ་དང་དངོས་གཉེར། གསར་གཏོད། འབད་འཐབ། སྐྱེས་འབུལ་བཅས་རྨ་ཆུའི་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཉེ་ཆར་མཛོད་དགེ་རྫོང་གི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས་སྐ་ཆུ་སྡེ་ཁུལ་གྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ས་ཚིགས་དང་། རྫོང་ཆུ་དོན་ཅུས། ཨ་མ་ལགས་ཆུ་བོ་སྐོར་སྲུང་རུ་ཁག་བཅས་དང་བླངས་ཞབས་ཞུ་རུ་ཁག་རྩ་འཛུགས་ཏེ། དང་བླངས་པ་30ལྷག་གིས་རྨ་ཆུའི་འགྲམ་རྒྱུད་དུ་རྨ་ཆུ་མཉམ་དུ་བཞེས་ཤིང་མ་ཡུམ་ཆུ་བོ་སྲུང་སྐྱོང་བྱེད་པའི་དཔལ་ཡོན་ལག་ལེན་བྱེད་སྒོ་སྤེལ།
སྔོ་ལྗང་རེ་རེ་ལྗོངས་གནས་རེ་ཡིན་ལ། སྡོང་མྱུག་རེ་རེ་རེ་བ་རེ་ཡིན། བྱེད་སྒོར་དང་བླངས་རུ་ཁག་སོ་སོས་ལས་བགོས་གསལ་ཞིང་ས་ཁོངས་བགོས་ཏེ། གཉིས་རེ་ཚན་ཁག་བསྒྲིགས་ཤིང་ཕན་ཚུན་རམ་འདེགས་སྒོས། གསར་བཙུགས་ཀྱི་སྡོང་མྱུག་རེ་རེ་ལ་ཆུ་བླུགས་ཤིང་ལུད་གཏོར་ཏེ། དང་བླངས་པ་རེ་རེས་སྦྱོར་བ་དང་ནུས་ཤུགས་ཆུང་ངུས། དྭངས་གཙང་གི་ཆུ་བོ་དང་སྔོ་ལྗང་གི་ཕ་ས་སྲུང་སྐྱོང་གནང་།
ཆུ་ཐིགས་ཀྱིས་བཞུར་རྒྱུན་གྲུབ་ཅིང་བཞུར་རྒྱུན་གྱིས་གཙང་བོ་གྲུབ། ཐེངས་འདིའི་བྱེད་སྒོར་དང་བླངས་ཞབས་ཞུ་རུ་ཁག་གིས་ནུས་པ་ལེགས་པར་བཏོན་པར་མ་ཟད། ཚང་མའི་སྐྱེ་ཁམས་སྲུང་སྐྱོང་དང་སྦགས་མེད་འཕེལ་རྒྱས་ཀྱི་བསམ་བློའི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་ཆེར་བཏང་བ་དང་སྦྲགས། སྤྱི་ཚོགས་ཡོངས་ལ་སྐྱེ་ཁམས་སྲུང་སྐྱོང་གི་ལས་འགན་ཀུན་ལ་ཡོད་ཅིང་མི་ཀུན་སྲུང་སྐྱོང་དུ་ཞུགས་པར་འབོད་སྐུལ་བཏང་བ་དང་། དང་བླངས་པ་རེ་རེ་དང་ལས་བྱེད་པ་རེ་རེ། མང་ཚོགས་རེ་རེ་བཅས་ཀྱིས་སྦྱོར་བ་དངོས་ལ་བརྟེན་ཏེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ཐད་རང་ནུས་སྐྱེས་སུ་འབུལ་བར་འབོད་སྐུལ་བཏང་།