༄༅། །བྱ་སྒོང་ཟོས་ན། བཟང་ཆ་འདི་དག་ཡོད་པ་ཁྱོད་ཀྱིས་ཤེས་སམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 05-30



        བྱ་སྒོང་ནི་ཟས་ཡ་མཚན་པ་ཞིག་མིན་ནའང་། དེ་ལ་འཚོ་བཅུད་ཕུན་སུམ་ཚོགས་པ་ཡོད། ཞིབ་འཇུག་ལས་གསལ་བ་ལྟར་ན། གཟའ་འཁོར་རེར་བྱ་སྒོང་འོས་འཚམ་རེ་ཟ་བའི་མི་ལ་གཅིན་པ་མངར་འགྱུར་གྱི་ནད(糖尿病)དང་ཁྲག་ཤེད་མཐོ་བ་འབྱུང་བའི་ཉེན་ཁ་སྔར་བས་ཆུང་བ་རེད།

        ཨ་རིའི་པའོ་ཧྲི་ཏོན་སློབ་ཆེན་གྱི་ཞིབ་འཇུག་ཚོགས་པ་ཡིས《བཅུད་རྩི》(营养素 Nutrients)ཞེས་པའི་དུས་དེབ་ཐོག་སྤེལ་བའི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་ལས་མངོན་པ་ལྟར་ན། གཟའ་འཁོར་རེར་བྱ་སྒོང5འམ་ཡང་ན་དེ་ལས་མང་བ་ཟོས་ན། མི་དར་མ་ལ་ནད་འབྱུང་རྣམ་པའི་གཅིན་པ་མངར་འགྱུར་གྱི་ནད(2型糖尿病)དང་ཁྲག་ཤེད་མཐོ་བ་གཉིས་འབྱུང་བའི་ཉེན་ཁ28%དང32%ཙམ་མར་འབབ་པ་མངོན་གསལ་ཡིན་པ་རེད། གལ་ཏེ། བཟའ་བཏུང་གོམས་གཤིས་བཟང་པོ་གཞན་པས་རམ་འདེགས་བྱེད་ཐུབ་ན། བཟང་ཆ་དེ་ལས་ལྡབ་འགྱུར་ཡོད་སྲིད་པ་རེད།

        དེའི་མི་ཚད། བྱ་སྒོང་ཟོས་ན། ད་དུང་བཟང་ཆ་གཞན་པ་བཞི་ཡང་ཡོད་དེ།

གཅིག འཚོ་བཅུད(营养)ཁ་གསབ་བྱེད་པ།

        བྱ་སྒོང་ནང་དུ་སྤྲི་དཀར་རྫས(蛋白质)ཕུན་སུམ་ཚོགས་པ་ཡོད་པར་མ་ཟད། ད་དུང་མི་ལུས་ལ་ངེས་པར་མཁོ་བའི་ཨན་གཞི་སྐྱུར(氨基酸)གྱི་རིགས་བརྒྱད་ཀྱང་ཡོད་པ་དང་། དེའི་ནང་གི་སྤྲི་དཀར་རྫས་དང་ཨན་གཞི་སྐྱུར་གྱི་གྲུབ་ཚུལ་ཧ་ཅང་ལེགས་པས། བྱ་སྒོང་ནི་སྤྲི་དཀར་རྫས་ཁ་གསབ་བྱེད་པའི་ཟས་རིགས་ཆེས་བཟང་བ་དེ་ཡིན།

        དེའི་མི་ཚད། བྱ་སྒོང་ནང་དུ་ད་དུང་ལུས་པོར་མཁོ་བའི་འཚོ་རྩི(维生素)Aདང་འཚོ་རྩིB འཚོ་རྩིD འཚོ་རྩིEསོགས་དང་། གཏེར་རྒྱུ་ཀལ(钙)དང་ལིན།(磷) ཏི་ཚ།(锌) སེ(硒)སོགས། འཚོ་བཅུད་གྲུབ་ཆ་ལིན་རྒྱུའི་ཚིལ་བུ(卵磷脂)སོགས་ཀྱང་འདུས་ཡོད།

གཉིས། སྙིང་རྩ་ལ་སྲུང་སྐྱོབ་བྱེད་པ།

        བྱ་སྒོང་གི་སྒོ་ངའི་སེར་རིལ་ནང་དུ་ཡོད་པའི་ལིན་རྒྱུའི་ཚིལ་ལུ་ཡིས་ཁྲག་རྒྱུན(血液)ནང་གི་མཁྲིས་རྒྱུ་གཤེར་རྩི(胆固醇)ལ་སྙོམ་སྒྲིག་དང་ཚོད་འཛིན་བྱེད་ཐུབ་པ་དང་། དེ་ཉིད་འདུས་པའི་ཞག་ཚིལ(脂肪)ནང་གི་ཚིལ་སྐྱུར(油酸)གྱི་བསྡུར་ཚད་མཐོ་ཞིང་། ཁྲག་ཚིལ་ཚོད་འཛིན་དང་ཀླད་སྙིང་གི་ཁྲག་རྩ་སྲུང་བ་ཚང་མ་ལ་ཕན་པ་ཡོད།

གསུམ། ཀླད་པའི་བདེ་ཐང་དང་བློ་རིག་འཕེལ་བ་ལ་ཕན་པ།

        བྱ་སྒོང་ནང་དུDHAདང་ལིན་རྒྱུའི་ཚིལ་ལུ་ཕུན་སུམ་ཚོགས་པ་ཡོད་སྟབས། དབང་རྩའི་མ་ལག་དང་ལུས་པོའི་འཚར་ལོངས་ལ་ཕན་པ་ཆེན་པོ་ཡོད། ལིན་རྒྱུའི་ཚིལ་ལུ་ཞུ་རྗེས་མཁྲིས་བུལ(胆碱)ཕྱིར་གཏོང་བྱེད་པ་དང་། མཁྲིས་བུལ་དེ་ཁྲག་རྒྱུན་ནང་དུ་སོང་རྗེས། འཕྲལ་མར་ཀླད་པའི་ནང་ལ་ཐོན་པ་ན། ལོ་ལོན་གྱི་རིག་པ་ཉམས་པ་ཇེ་དལ་དང་ལོ་ཚོད་མི་འདྲ་བའི་སྐབས་ཀྱི་མིའི་དྲན་པ་ཇེ་ལེགས་སུ་གཏོང་ཐུབ།

བཞི། མིག་དབང་སྲུང་བ།

        བྱ་སྒོང་ནང་དུ་ལོ་མའི་སེར་རྒྱུ(叶黄素)དང་མ་རྨོས་ལོ་ཏོག་གི་སེར་རྒྱུ(玉米黄素)སོགས་ཀྱི་འཚོ་བཅུད་གྲུབ་ཆ་ཡོད་པས། ཟེར་སྔོན(蓝光)དང་སྨུག་ཕྱིའི་འོད་སོགས་གནོད་ལྡན་འོད་མིག་ནང་དུ་འགྲོ་བར་འགོག་རོགས་བྱེད་པ་དང་། དེ་ཡིས་མིག་དབང་ངལ་དུབ་བྱུང་བ་སེལ་བར་བྱེད་ཅིང་། རྒས་ནས་ཁྲ་ཐིག་འགྱུར་བ་དང་མཐོང་བྱེད་དྲ་སྐྱི་ནད་འགྱུར་བྱུང་བ་ལ་སྔོན་འགོག་བྱེད་པར་ཕན་པ་ངེས་ཅན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1