ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་12པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།
རྩོམ་ཡིག་ནང་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཛུགས་རྒྱུ་ནི་སྤྱི་ཡོངས་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པའི་ལས་དོན་ཞིག་རེད། དུས་རབས་གསར་པའི་ལོ་10ཡི་རིང་རང་རེའི་ཏང་གིས་རང་ངོས་གསར་བརྗེའི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་དང་ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཛུགས་པར་ཕུན་སུམ་ཚོགས་པའི་གྲུབ་འབྲས་བསགས་ཡོད། ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ལ་བརྩི་བ་དང་བསམ་བློ་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་རྨང་གཞིའི་རང་བཞིན་འཛུགས་སྐྱོང་ལ་བརྩིས་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བཏོན་པ་དང་མཐའ་འཁྱོངས་བྱས་པ་མ་ཟད། སྤྱོད་ཚུལ་འཛུགས་སྐྱོང་གི་རྣམ་པ་གསར་པར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པར་བྱེད་པ་དང་། སྒྲིག་ཁྲིམས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་གི་སྤྱིའི་བཀོད་ཇུས་ནང་འཇུག་པ། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་འཛུགས་སྐྱོང་ལས་དོན་ཁག་ཏུ་ཁྱབ་པར་བྱེད་པ། ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རུལ་རྒོལ་འཐབ་རྩོད་སྤེལ་བ་བཅས་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་བུར་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་ཡོད། འཛམ་གླིང་ལ་ཕྱོགས་སྐབས། ཀྲུང་གོ་གུང་ཁྲན་ཏང་ལྟར་རང་ངོས་འཛུགས་སྐྱོང་ལ་སྒམ་བརླིང་ནན་ཏན་གྱི་ལྟ་སྟངས་འཛིན་པ་དང་ཚད་མཐོའི་རང་རྟོགས་འདི་ལྟ་བུའི་ཐོག་ནས་ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་མ་ལག་ཅན་གྱི་བྱ་ཐབས་ལ་བརྟེན་ནས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཐུབ་མཁན་གྱི་སྲིད་ཏང་གཅིག་ཀྱང་མེད། དེ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་ལེགས་ཆ་ཞིག་ཡིན་ལ་དུས་རབས་ལ་སྣེ་ཁྲིད་ཀྱིས་རྒྱལ་ཁ་ལེན་པའི་ཐབས་ལམ་ཞིག་ཀྱང་རེད།
རྩོམ་ཡིག་ནང་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་ནི་ནང་དོན་ཕུན་སུམ་ཚོགས་པ་དང་། ནུས་པ་ཆ་ཚང་བ། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་འགུལ་རྣམ་མ་ལག་ཅིག་ཡིན་དགོས། མ་ལག་དེ་འཐུས་སྒོ་ཚང་དུ་གཏོང་བར་ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཕྱོགས་ཁག་འཛུགས་སྐྱོང་འབྲེལ་མཐུད་ནུས་ལྡན་དང་། མཉམ་འགུལ་འདུས་གྲུབ། མཐུན་སྦྱོར་གཞོགས་འདེགས་བཅས་དེ་བས་མངོན་པ་དང་། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་བ་དང་ཁྲིམས་སྲོལ་ལམ་ལུགས་ཚན་རིག་དང་མཐུན་ཞིང་ཕན་འབྲས་ལྡན་པ་དེ་བས་མངོན་པ། བཅོས་སྐྱོང་གི་འདུ་ཤེས་དང་། མ་ལག་གི་འདུ་ཤེས། རྩོད་སྒྲུབ་ཀྱི་བསམ་གཞིག་བཅས་ལ་བརྟེན་ནས་ཏང་ལ་དོ་དམ་དང་། ཏང་བཅོས་སྐྱོང་། ཏང་འཛུགས་སྐྱོང་བཅས་དེ་བས་མངོན་པ་བྱེད་དགོས། ནང་དོན་ཕྱོགས་ཡོངས་ལ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་ལ་གང་དུ་སྐུལ་འདེད་བཏང་ཚེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་དེ་གར་འཛུགས་དགོས། ཁྱབ་ཁོངས་ཕྱོགས་ཡོངས་ལ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་ལ་ཕྱོགས་ཏེ་ཏང་ཡོངས་དོ་དམ་དང་ཏང་ཡོངས་བཅོས་སྐྱོང་བྱེད་དགོས། འགན་འཁྲིའི་རྒྱུན་འཁོར་ཧྲིལ་པོ་མཐའ་འཁྱོངས་བྱས་ནས་རིམ་གྱིས་གནོན་ཤུགས་སྤྲོད་པ་དང་འགན་འཁྲི་དམ་ཚགས་ཡོང་བ་བྱེད་དགོས། ལམ་ལུགས་ཐད་ཕྱོགས་ཡོངས་ལ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལམ་ལུགས་འཛུགས་སྐྱོང་གི་བླང་བྱ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོ་དང་། ཕྱོགས་ཁག རིམ་པ་ཁག་བཅས་སུ་མངོན་པར་བྱེད་དགོས།