ཡུལ་ཤུལ་དུ་རྟ་རྒྱུག་དུས་ཆེན་གྱི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-27


 

   ཟླ་7ཚེས་25ཉིན། ཉིན་དེར། མཚོ་སྔོན་ཡུལ་ཤུལ་རྟ་རྒྱུག་དུས་ཆེན་དང་གཙང་གསུམ་ཆུ་འགོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་ཡུལ་ཤུལ་རྟ་རྒྱུག་ཐང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད། རྟ་རྒྱུག་དུས་ཆེན་རིང་གླུ་གར་འཁྲབ་སྟོན་དང་། སྲོལ་རྒྱུན་གྱི་རྟ་རྒྱུག་འཁྲབ་སྟོན། རིག་གནས་དངོས་ལྗོངས་འཁྲབ་སྟོན་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་སྤེལ་ནས། ཡུལ་ཤུལ་གྱི་ཐུན་མིན་ཁྱད་ཆོས་ལྡན་པའི་ཁམས་པའི་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས་གཅིག་སྡུད་ཀྱིས་མིག་ལམ་དུ་བཀྲམ་ཡོད། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1