འཛམ་ཐང་རྫོང་གིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་དྲ་བ་ཇེ་དམ་དུ་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 08-11




འཛམ་ཐང་གི་སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་དྲ་བ་ཚགས་དམ་པོར་བཏང་ནས་རྫོང་ཡོངས་སུ་ཞབས་ཞུ་སྒྲུབ་པའི་མི་གྲངས་2570ལ་སླེབས།


   འཛམ་ཐང་རྫོང་གི་ལོ་ན་60ལོན་པའི་རྒན་པ་སྔར་བས་བདེ་ཐང་དང་བདེ་སྐྱིད་ཡོང་ཆེད། ཉེ་ཆར། འཛམ་ཐང་རྫོང་དམངས་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་2022ལོའི་ཟླ་10བ་ནས་བཟུང་ཛམ་བྷ་ལའི་ཝན་ཞང་མི་ཤུགས་ཚད་ཡོད་ཀུང་སིས་རྩ་འཛུགས་བྱས་པའི་དང་བླངས་པའི་རུ་ཁག་གཞི་རིམ་དུ་བསྐྱོད་པ་དང་སྒོ་ཁ་རུ་སོང་ནས་རྒན་པར་ཞབས་ཞུ་སྒྲུབ།图片

   དང་བླངས་པའི་རུ་ཁག་གི་འགན་འཁུར་བས་ཞབས་ཞུའི་རྣམ་གྲངས་ལ་གཞིགས་ནས་རྒན་པ་ཚོས་རང་གི་དགོས་མཁོ་ལྟར་ཞབས་ཞུ་གདམ་ཆོག་ཞེས་བཤད་པ་དང་། ཞབས་ཞུའི་རྣམ་གྲངས་ལ་ཁྲུས་བྱེད་པ་དང་གཙང་སྦྲ། ཟ་མ། ཉེན་ཡོལ། སྨན་བཅོས་སོགས་རོགས་རམ་གྱི་རྣམ་གྲངས་24ཡོད་པ་ལས་རྒན་པ་ཚོས་རང་གི་དགོས་མཁོ་ལྟར་གདམ་ཆོག་པས་ཕྱོགས་ཡོངས་ནས་རྒན་པ་ཚོར་མཁོ་བའི་ཁྱིམ་སྡོད་ཞབས་ཞུ་ཡག་པོ་ཞིག་ཡིན།

   ཉིན་དེར་རྫོང་མདའ་སྡེ་བའི་བྱེད་སྒོ་ཁང་དུ་དང་བླངས་པ་དག་གིས་སྔོན་ལ་སྡེ་བའི་ནང་གི་འགྲོ་འདུག་སྟབས་བདེ་བའི་རྒན་པ་དག་མཉམ་དུ་བསྡུས་ནས་ཁོ་ཚོར་ཞབས་ཞུ་སྒྲུབ་པའི་མགོ་བརྩམས། སྔོན་ལ་ཀ་ཏོ་ར་རེ་རེའི་ནང་གི་ཆུའི་དྲོ་གྲང་ལ་བརྟག་པ་མ་ཟད་རྒན་པ་ཚོས་རྐང་བ་ཆུ་ནང་ལ་བཞག་རྗེས་ཤ་ཚ་ཚས་ཡང་བསྐྱར་དྲོ་གྲང་འཚམ་མིན་དྲིས། རྒན་པ་དག་ལ་སེན་མོ་བྲེག་པ་དང་སྐྲ་ཤད་པ་སོགས་བྱས་ཞིང་། རྒན་པ་ཚོས་རང་འདུན་པ་དག་གིས་བྱིན་པའི་ཞོར་ཟས་ཟ་བ་དང་ཁ་བརྡ་སྣ་ཚོགས་བྱེད་ཞོར་དུ་དང་བླངས་པ་དག་གི་ཤ་ཚ་ཞིང་སྙིང་ཉེ་བའི་ཞབས་ཞུ་ལ་མྱོང་རོལ་བྱས། འདི་ལྟ་བུའི་ཞབས་ཞུ་རྒན་པ་ཚོར་ལོ་རེར་ཐེངས་བཞི་དང་དུས་ཚིགས་རེ་རེར་ཐེངས་གཅིག་རེར་སྒྲུབ་བཞིན་ཡོད།

   དམངས་སྲིད་ཅུས་ཀྱིས་ཉོ་སྒྲུབ་དང་ཁེ་ལས་ཀྱིས་འགན་ལེན་པའི་རྣམ་པ་འདི་ནི་འཛམ་ཐང་རྫོང་དམངས་སྲིད་ཅུས་ཀྱིས་ཁྱིམ་སྡོད་རྒན་པར་ཞབས་ཞུ་བྱེད་སྟངས་ཞིག་ཡིན་ལ། ཁེ་ལས་དང་བླངས་པས་ཞབས་ཞུ་མཁོ་འདོན་བྱས་རྗེས་དམངས་སྲིད་ཅུས་ཀྱི་ཆེད་སྐོས་མི་སྣས་རྒན་པ་ཚོར་ཞབས་ཞུའི་གནས་ཚུལ་འདྲི་རྟོག་བྱས་ཤིང་། ལྟ་སྐུལ་དང་བསམ་འཆར་བསྡུ་ལེན་བྱས་ནས་སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་གྱི་གནས་བབ་ཡག་པོ་གྲུབ་པར་བྱས། དམངས་སྲིད་ཅུས་ཀྱི་ཆེད་སྐོས་མི་སྣ་ཁྲུན་ཧྭ་ཡིས་བཤད་རྒྱུར་ལས་གཞི་འདི་ནི་ཞབས་ཞུ་ཁོ་ན་ཙམ་མིན་པར་རྒན་པ་རྣམས་ལ་བརྩེ་བ་རྣམ་དག་ཅིག་ཕུལ་དགོས་པ་གཙོ་བོ་ཡིན་པར་བཤད་ཞིང་། མྱོང་བ་དངོས་ནི་ཁེ་ལས་ཀྱི་བྱ་བ་ལ་བརྟག་པའི་གནད་གཙོ་བོ་ཞིག་ཡིན་ལ། ཕྱོགས་གཉིས་ཀྱི་མཉམ་འབྲེལ་རྒྱུན་མཐུད་ཡོང་ཐུབ་མིན་ལ་འབྲེལ་བ་ཡོད།

   དང་བླངས་པས་ཞབས་ཞུ་སྒྲུབ་པའི་ཁྲོད་ཁྱིམ་ཚང་ལ་དཀའ་ངལ་དང་རོགས་རམ་མཁོ་བ་དག་ཁེ་ལས་ལ་ཡར་ཞུ་བྱས་ནས་རྒན་པ་ཚོར་བརྩེ་བ་ཕུལ། དང་བླངས་རུ་ཁག་གིས་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད་འཚོ་བའི་ཁྲོད་ཀྱི་བྱ་བ་ཙག་ཙིག་སྒྲུབ་རོགས་བྱས་ནས། ཁེ་ལས་ཀྱི་སྤྱི་ཚོགས་འགན་བབ་ཞབས་ཞུ་རེ་རེའི་ཁྲོད་འཐིམ་པར་བྱས་ཡོད།

   འཛམ་ཐང་རྫོང་གིས་ཁྱིམ་སྡོད་ཞབས་ཞུ་སྤེལ་བ་ནས་ད་ལྟའི་བར་རྒན་པ་2570ལྷག་ལ་ཞབས་ཞུ་མཁོ་འདོན་བྱས་ཞིང་། ཞབས་ཞུ་བྱེད་ཡུལ་གཙོ་བོ་འཛམ་ཐང་རྫོང་གི་ཡུལ་གྲོང་11གི་སྲིད་འཛིན་སྡེ་བ་53ལ་ཁྱབ་ཡོད་པ་མ་ཟད། སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་གྱི་ཞབས་ཞུ་དྲ་བས་བྱེད་ཐབས་ནུས་ལྡན་གྱིས་རྒན་པ་ཚོར་བདེ་སྐྱིད་དང་བརྩེ་སེམས་ཐོབ་པར་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1