གྲོང་གསེབ་དར་རྒྱས་གཏོང་རོགས་བྱས།

ལྷ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-11


གྲོང་གསེབ་དར་རྒྱས་གཏོང་རོགས་བྱས།

སྡེ་དགེ་རྫོང་གིས་ཀྲུང་བོད་སྨན་རྫས་བརྟག་དཔྱད་ཞིབ་འཇུག་སྤེལ། 

        ཉེ་ཆར། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀུན་བཟང་དབང་མོས་ཡིད་ལྷུང་ཤང་འཕྲོད་བསྟེན་ཁང་དུ་ཉེ་དུས་ཀྱི་གཙོ་གནད་ལས་དོན་དང་མི་སྣའི་ལས་གནས་གནས་ཚུལ་ལ་ལྟ་སྐུལ་སློབ་སྟོན་དང་བརྟག་དཔྱད་ཞིབ་འཇུག་བྱས་ཞིང་།  ས་དེ་གའི་རི་སྐྱེས་ཀྲུང་བོད་སྨན་རྫས་ལྕུམ་རྩྭའི་སྐྱེ་ཚུལ་ལ་ལྟ་ཞིབ་བྱས།


        བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ཀུན་བཟང་དབང་མོས་དངོས་ཡུལ་དུ་སྨན་ཁང་འདིའི་སྔོན་བཤེར་ཡན་ལག་སྨན་བཅོས་ས་ཚིགས་དང་སྤྱི་པའི་ས་ཁོངས་ཀྱི་འཕྲོད་བསྟེན་སོགས་ལ་ལྟ་ཞིབ་བྱས་ཤིང་། འཕྲོད་བསྟེན་དུག་སེལ་ལམ་ལུགས་དང་ལས་རེས་རྩིས་སྤྲོད་སོགས་འབྲེལ་ཡོད་དཔྱད་ཡིག་ལ་ཞིབ་མོ་བལྟས་པ་མ་ཟད། འཕྲོད་བསྟེན་ཁང་གི་འབྲེལ་ཡོད་ལས་ཀ་ཁྱོན་ཡོངས་ཚོད་དཔག་བྱས་པ།     ཀུན་བཟང་དབང་མོས་ནན་གསུང་གནང་དོན།  འཕྲོད་བསྟེན་ཁང་དེ་ཉིད་ཆེ་གཞི་རིམ་གྱི་སྨན་བཅོས་ལས་ཁུངས་ཡིན་པའི་ཕྱིར།  འཕྲོད་བསྟེན་ཁང་འགན་ཁུར་པས་འགན་ཁུར་དོ་དན་བྱེད་ནས་ཆེ་རྩ་བའི་སྤྱི་པའི་འཕྲོད་བསྟེན་ལེགས་སྒྲུབ་བྱེད་དགོས་ཞིང་། ཞིབ་བཤེར་ཐོན་པའི་གནད་དོན་ལ་དམིགས་ནས་འཕྲལ་དུ་ལེགས་བཅོས་བྱེད་དེ། ཤང་ཡོངས་ཀྱི་མང་ཚོགས་ལ་དེ་ལས་བདེ་འཇགས་ཡིན་པའི་སྨན་བཅོས་ཁོར་ཡུག་དང་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་གསུངས།  ཀུན་བཟང་དབང་མོས་པད་རི་རུ་ཁག་དང་པོ་དང་གཉིས་པ།  རོང་ཆེན་གྲོང་པ།  ཧོར་རེ་གྲོང་པ་བཞི་རུ་རི་སྐྱེས་ཀྲུང་བོད་སྨན་རྫས་ལྕུམ་རྩྭ་འདེབས་འཛུགས་ཀྱི་ད་ལྟའི་གནས་ཚུལ་ལ་ཞིབ་མོ་ལྟ་ཞིབ་བྱས་ནས། ཀུན་བཟང་དབང་མོས་ནན་གསུངས་གནང་དོན།  རི་སྐྱེས་ཀྲུང་བོད་སྨན་རྫས་ལྕུམ་རྩྭ་དེ་ཉིད་ཡིད་ལྷུང་ཤང་ཞིང་འབྲོག་མི་དམངས་མང་ཚོགས་ཀྱི་ཡོང་འབབ་ཀྱི་ཐོན་ཁུངས་ཡིན་པའི་ཕྱིར།  ཤང་སྲིད་གཞུང་གིས་རང་འགུལ་ངང་བྱས་རྗེས་བཞག་པ་དང་རང་འགུལ་ངང་ཤེས་རྟོགས་བྱེད་དགོས་ཤིང་།  མང་ཚོགས་ཀྱིས་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་མ་ཧུར་ཐག་བཏང་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་གསུངས། 

 

 

 

 

 


 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1