སྟག་ཚ་གྲོང་རྡལ་གྱིས་གནད་འཁེལ་བཞིས་བཅོས་སྐྱོང་རིགས་གསུམ་ལས་སྒོ་ནན་གྱིས་སྤེལ།

འཕྲིན་སྤེལ་བ། དཔལ་མགོན། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 08-16


    བདེ་འཇགས་ཡིན་ལ་གཙང་སྦྲ་ལེགས་ཤིང་གྲལ་འགྲིག་པ་བཅས་ཀྱི་གཞིས་སྡོད་ཁོར་ཡུག་བསྐྲུན་ཏེ།   སྒྲིག་ལམ་མེད་པའི་བདག་གཉེར་ཚད་ལྡན་དུ་བཅོས་ཤིང་སྒྲིག་འགལ་ཁྲིམས་འགལ་འཛུགས་སྐྲུན་བཅོས་སྐྱོང་བྱེད་ཆེད།  སྟག་ཚ་གྲོང་རྡལ་གྱིས་བཅོས་སྐྱོང་རིགས་གསུམ་སྤེལ་ནས།  ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་ལ་སྐུལ་འདེད་སྒོས།  2023ལོའི་རྨ་ཁུགས་རྩྭ་ཐང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་སྟོན་བདེ་བླག་ངང་འཚོགས་པར་རམ་འདེགས་གནང་།

    ཚད་མཐོའི་མཐོང་ཆེན་གྱིས་ཡོངས་ཁྱབ་ནས་བཀོད་སྒྲིག་གནད་དུ་ཁེལ་བ།  ཉེ་ཆར་རིམ་པ་གཉིས་པའི་སྐོར་གཟིགས་པ་ཁྲེན་ཝན་ལི་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སུན་ཏན་རྣམ་གཉིས་ཀྱིས་སྔ་རྗེས་སུ་སྟག་ཚ་གྲོང་རྡལ་དུ་གནས་སྡོད་སྐུལ་སྟོན་གནང་བར་མ་ཟད།  ཆེད་དོན་ཚོགས་འདུ་བསྡུས་ཏེ་མངའ་ཁོངས་ཀྱི་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་དང་རྟ་ཞོན་ས་ཚིགས་ཀྱི་ཚད་ལྡན་བདག་གཉེར་སོགས་ཀྱི་ལས་ཀར་བཀོད་སྒྲིག་གནང་།  ཚོགས་འདུར་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་ལས་འགན་ཇེ་ནན་དང་རང་འགུལ་ལས་བརྩོན་གྱི་སེམས་ཤུགས་ཡོད་དགོས་པ་དང་།  འཕྲལ་མར་ལས་སྒོ་སྤེལ་ཏེ་ཡོངས་ཁྱབ་རིམ་བཤེར་གྱིས་ལས་དོན་ཚགས་སུ་ཆུད་དགོས་པ་དང་།  མཐུན་སྦྱོར་མཉམ་འབྲེལ་དང་ཕན་ཚུན་མཐུན་འབྲེལ་གྱིས་སེམས་ཤུགས་གཅིག་ཏུ་སྒྲིལ་པ།  འཇམ་རྩུབ་ཟུང་འབྲེལ་དང་རང་གཞན་བརྗེ་རེས་ཀྱིས་སེམས་ཤུགས་འདོན་དགོས་པ་བཅས་ཀྱི་བླང་བྱ་བཏོན།

    འཕྲལ་མར་ལས་སྒོ་སྤེལ་ཏེ་ཁོངས་ཡོངས་རིམ་བཤེར་གནད་དུ་ཁེལ་བ།  ཆེད་དོན་ཚོགས་འདུ་གྲོལ་རྗེས་སྟག་ཚ་གྲོང་རྡལ་གྱིས་འཕྲལ་མར་སྡེ་བ4དང་སྡེ་ཁུལ2ཀྱི་སྟོབས་ཤུགས་སྐུལ་སློང་སྒོས།   ཁྲིམས་སྐྱོང་དྲིལ་སྒྲོག་དང་དཔལ་ཡོན་ཁྲིད་སྟོན།  གཏིང་ལོན་ཞིབ་བཤེར་བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ།  ཡོངས་ཁེབས་ལྟར་ཁོངས་ཡོངས་ལ་རིམ་བཤེར་བྱས།   རིམ་བཤེར་བྱས་པ་བརྒྱུད་མངའ་ཁོངས་སུ་བསྡོམས་པའི་རྟ་ཞོན་ས་ཚིགས8དང་སྦྲང་མ་གསོ་ས9དང་། བོད་ཁྱིམ་སྤྲོ་གསེང་གླིང12བཅས་ཡོད་ལ།  འགལ་གཉིས་འཛུགས་སྐྲུན་གྱི་ཚོད་འཛིན་ཅུང་ལེགས་ཤིང་གནས་སྐབས་སུ་མང་དུ་འགྲོ་བའི་གནས་ཚུལ་མེད་ལ།  གསོག་ཉར་འཛུགས་སྐྲུན་མེད་པར་བཟོ་བའི་ལས་ཀ་གོ་རིམ་བཞིན་སྤེལ་བཞིན་ཡོད་ལ།  རྒྱལ་ལམ213པ་དང248པའི་ལམ་རྒྱུད་དང་།  གྲོང་ལམ།  སྲང་ཆེན9དང་སྲང་ཆུང24དང་།  སྡེ་ཁུལ17བཅས་ལ་དམིགས་ཏེ། རེ་རེ་བཞིན་ཁོར་ཡུག་གཙང་སྦྲའི་གཙོ་གནད་ས་ཁོངས15དང་སྤྱིར་བཏང་གི་ས་ཁོངས42ལ་ཞིབ་བཤེར་གཙང་མ་གནང་།

    མཉམ་འབྲེལ་ལས་སྒོས་གཅིག་བསྡུས་བཅོས་སྐྱོང་གནད་དུ་ཁེལ་བ།   ཉིན་བསྟུད་མར་སྟག་ཚ་གྲོང་རྡལ་གྱིས་རྫོང་ནགས་ཚལ་རྩྭ་ཐང་ཅུས་དང་བརླན་ས་དོ་དམ་ཅུས།  ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས།  གྲོང་རྡལ་མངག་གཏོང་ཁང་སོགས་སྡེ་ཁག་མང་བོ་དང་མཉམ་འབྲེལ་སྒོས།   རྟ་ཞོན་ས་ཚིགས་དང་སྦྲང་མ་གསོ་ས།  བོད་ཁྱིམ་སྤྲོ་གསེང་གླིང་བཅས་སུ་དྲིལ་སྒྲོག་ཁྲིད་སྟོན་ལས་སྒོ་སྤེལ་ཏེ།   སྒྲིག་འགལ་རྟ་ཞོན་ས་ཚིགས1མེད་པར་བཟོ་བར་བླང་བྱ་བཏོན་ཏེ། རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་རྟ་ཞོན་ས་ཚིགས་ཀྱི་བདག་གཉེར་བ་དེ་ལ་བརྡ་ཡིག་བཀྲམ་ནས།  དུས་བཅད་ལྟར་སྔོ་ཁེབས་སླར་གསོ་བྱེད་དུ་བཅུག   ཚོང་ལས་ཅུས་རྙིང་བའི་སྣུམ་སྣོན་ས་ཚིགས་དང་ཐོག་གཅིག་ཁང་བ་གཉིས་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ180ཡས་མས་མེད་པར་བཟོས། ད་ཆའི་བར་ཕལ་ཆེར་བསྡོམས་པའི་སྒྲིག་འགལ་འཛུགས་སྐྲུན187གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ7000མེད་པར་བཟོས།  སྡེ་བ་དང་སྡེ་ཁུལ་གྱི་ལས་བྱེད་པ་དང་སྤྱི་ཕན་ལས་གནས་གཉིས་ཀའི་མི་སྣ87སྐུལ་སློང་བྱས་ཏེ།   རྒྱལ་ལམ213པ་དང248པ།  ཆུ་ལམ་དང་དེའི་འགྲམ་རྒྱུད་གཉིས་ཀ  སྲང་ལམ་ཆེ་ཆུང་བཅས་སུ་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་སྒོས།  འགྱིག་སྙིགས་དང་ཆུ་ལམ་གྱི་གད་སྙིགས་བསྡོམས་པའི་ཏུན7ལྷག་གཙང་མར་བཟོས་ཤིང་།  རླུང་རྟ་རྙིང་རལ་དང་བེད་མེད་བྱང་བུ་ཡོད་ས10གཙང་མར་བཟོས་པ་དང་།  སྒྲིག་འགལ་སྦྱར་ཡིག་དང་བརྡ་ཁྱབ་ཡོད་ས78གཙང་མར་བཟོས་ཏེ།  མངའ་ཁོངས་ཀྱི་ཁོར་ཡུག་གཙང་སྦྲ་སྔར་ལས་ཇེ་ལེགས་སུ་བཏང་།

    སྒྲིག་གཞི་འཐུས་གཏོང་གིས་རྒྱུན་ལྡན་བཅོས་སྐྱོང་གནད་དུ་ཁེལ་བ།  སྟག་ཚ་གྲོང་རྡལ་གྱིས་གོང་འོག་མཉམ་འབྲེལ་དང་མང་ཤུགས་མཉམ་འདོན་སྒོས།  ཕྱོགས་གཅིག་ནས་དྲིལ་སྒྲོག་ལ་འབད་དེ།  གྲོང་ཁྱེར་དོ་དམ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒོ་མདུན་འགན་གསུམ་གྱི་འགན་འཁུར་དྲིལ་སྒྲོག་བྱས་ཏེ།  ཚོང་དུད་ཀྱིས་ཚད་ལྡན་ལྟར་བདག་གཉེར་བྱེད་པར་ཁྲིད་སྟོན་གང་ལེགས་སྒོས།   ངང་རྒྱུད་རིང་བོས་སྤྱི་དམངས་ཀྱིས་ཁོར་ཡུག་བདག་སྐྱོང་བྱེད་པར་སློབ་སྟོན་བྱས།  དེ་དང་མཉམ་དུ་ལས་ཚུགས་སྐབས་སུ་ཉིན་གཉིས་ལ་སྐོར་ཞིབ་ཐེངས་གཅིག་དང་ངལ་གསོ་སྐབས་སུ་ཉིན་རེ་བཞིན་སྐོར་ཞིབ་ཐེངས་རེ་བྱེད་པའི་ལས་སྒྲུབ་ཐབས་ལམ་ལྟར།   སྐོར་ཞིབ་བྱེད་ཞོར་དུ་དྲིལ་སྒྲོག་བྱས་པ་དང་།   ཕྱོགས་གཞན་ནས་བཅོས་སྐྱོང་ལ་འབད་དེ།   བཅོས་སྐྱོང་རིགས་གསུམ་ཐད་ནས་དོ་དམ་འགན་བགོའི་རྩིས་ཁྲ་དང་བབ་བསྟུན་བཅོས་སྐྱོང་རྩིས་ཁྲ་བཟོས་ནས།  ཞིབ་ཚགས་ཅན་གྱི་དོ་དམ་གཙོར་བཟུང་ཞིང་གཙོ་གནད་ཁྱབ་ཁོངས་ལ་དོ་ཁུར་ཆེན་པོས།   གཅིག་ཅན་གསུམ་གྱི་བྱེད་ཐབས་ཀྱིས་རྒྱུན་ལྡན་བཅོས་སྐྱོང་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1