༄༅། །རྨོ་ཞིང་འཛིན་སྤྱོད་བྱེད་པར་རང་རྒྱལ་གྱིས་སྲིད་ཇུས་ཅི་ཞིག་ལག་བསྟར་བྱེད་དམ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 08-18



        རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་ཞིང་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན30པའི་གཏན་འཁེལ་ལྟར་ན། རྒྱལ་ཁབ་ཀྱིས་རྨོ་ཞིང་སྲུང་སྐྱོང་བྱ་རྒྱུ་དང་རྨོ་ཞིང་རྨོ་ཞིང་མིན་པར་བསྒྱུར་བར་ཚོད་འཛིན་ནན་མོ་བྱ་རྒྱུ། རྒྱལ་ཁབ་ཀྱིས་རྨོ་ཞིང་འཛིན་སྤྱོད་བྱས་པར་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ། ཞིང་ལས་མིན་པའི་འཛུགས་སྐྲུན་ལ་ཆོག་མཆན་ཐོབ་ནས་རྨོ་ཞིང་འཛིན་སྤྱོད་བྱས་ན། འཛིན་སྤྱོད་ག་ཙམ་བྱས་ན་གསར་སྦོལ་དེ་ཙམ་བྱ་དགོས་པའི་རྩ་དོན་ལྟར། རྨོ་ཞིང་འཛིན་སྤྱོད་བྱེད་མཁན་ལས་ཁུངས་ཀྱིས། འཛིན་སྤྱོད་བྱས་པའི་རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད་རྨོ་ཞིང་གསར་སྦོལ་དང་གཅིག་མཚུངས་ཡིན་པར་འགན་འཁུར་རྒྱུ་དང་། གསར་སྦོལ་བྱེད་པའི་ཆ་རྐྱེན་མེད་པའམ་གསར་སྦོལ་བྱས་པའི་རྨོ་ཞིང་རེ་བ་དང་མི་མཐུན་པའི་རིགས་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་གཏན་འཁེལ་ལྟར། རྨོ་ཞིང་གསར་སྦོལ་གྱི་གྲོན་དངུལ་སྤྲད་དགོས་ལ། ཆེད་དངུལ་དེ་རྨོ་ཞིང་གསར་སྦོལ་བྱ་བར་བཀོལ་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་རྨོ་ཞིང་གསར་སྦོལ་བྱ་བའི་འཆར་གཞི་བཟོ་དགོས་པ་དང་། རྨོ་ཞིང་འཛིན་སྤྱོད་བྱེད་པའི་ལས་ཁུངས་ཀྱིས་འཆར་གཞི་ལྟར་རྨོ་ཞིང་གསར་སྦོལ་བྱེད་པའམ་འཆར་གཞི་ལྟར་རྨོ་ཞིང་གསར་སྦོལ་ལ་རྩ་འཛུགས་བྱེད་པར་ལྟ་སྐུལ་བྱ་དགོས་པར་མ་ཟད། ཞིབ་བཤེར་རྩིས་ལེན་ཡང་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1