༄༅།།གེ་སར་རྒྱལ་པོའི་འཁྲུངས་ཡུལ་དུ་གེ་སར་རིག་གནས་ཀྱི་གཟི་འོད་འཕྲོས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-22


      མདོ་ཁམས་སྡེ་དགེ་ནི་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དང་། གེ་སར་རིག་གནས་ཀྱི་ལོ་རྒྱུས་ཆུ་རྒྱུན་རིང་ཞིང་། དེང་དུས་ཀྱང་གླིང་གི་གནའ་ཤུལ་ཤིན་ཏུ་མང་པོ་མཇལ་རྒྱུ་ཡོད་ལ། གེ་སར་གྱི་གར་འཆམ་དང་གླིང་སྒྲུང་འཆད་གྱེར་སོགས་རིག་གནས་ཕུན་སུམ་ཚོགས་པར་མ་ཟད། དམངས་ཁྲོད་དུ་གསོན་ཤུགས་བླ་ལྷག་རྒྱས་ཀྱི་ཡོད། སྤྱི་ཟླ་5པའི་ཚེས་3ཉིན། སྡེ་དགེ་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལས་ཁུངས་ཀྱིས་སྣེ་ཁྲིད་ནས། སྡེ་དགེ་རྫོང་ཁམས་པའི་རིག་གནས་བཤམས་སྟོན་གླིང་དུ་གེ་སར་རིག་གནས་སྒྱུ་རྩལ་འགྲེམས་སྟོན་སྤྲོ་ཚོགས་གཟབ་རྒྱས་ངང་སྤེལ་བ་དང་། ཡུལ་སྐོར་བ་དང་ས་གནས་མང་ཚོགས་ལ་གེ་སར་རིག་གནས་ཀྱི་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཕུལ་བས། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་མཛེས་སྡུག་ལྷག་ཏུ་མངོན་ཡོད།

     དེ་ཡང་ཐེངས་འདིའི་འགྲེམས་སྟོན་སྤྲོ་ཚོགས་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་བ། སྡེ་དགེ་རྫོང་གི་གེ་སར་རྒྱལ་པོའི་འཁྲུངས་ཡུལ་གྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་གཏོང་བ། རྒྱ་བོད་མི་རིགས་བར་གྱི་མཛའ་མཐུན་ཇེ་ཟབ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་གཏོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། མཐུན་སྒྲིལ་དང་ཕྱུག་འགྱུར། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྡེ་དགེ་གསར་པ་ཇེ་མགྱོགས་སུ་སྐྲུན་པ་སོགས་ཀྱི་ཆེད་དུ་སྤེལ་བ་རེད།


ཐེངས་འདིའི་སྤྲོ་ཚོགས་བརྒྱུད། འཛམ་གླིང་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གེ་སར་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། གསར་སྤེལ། བེད་སྤྱོད་བཅས་ཀྱི་བྱེད་ཤུགས་ཆེ་རུ་བཏང་བ་དང་། ས་གནས་རང་གི་རིག་གནས་ཐོན་ལས་དང་མི་རིགས་རིག་གནས་ཀྱི་སྤུས་རྟགས་སྐྱེད་སྲིང་ཧུར་ཐག་བྱས་པ། མི་རིགས་རིག་གནས་ཀྱི་བཀྲག་མདངས་འཚེར་ཞིང་། མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྔར་བས་ལེགས་པར་སྐོང་བ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

 རྒྱུས་ལོན་བྱུང་བ་ལྟར་ན། སྡེ་དགེ་ནི་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དང་ཁོང་གི་མཛད་འཕྲིན་སྤེལ་ས་གཙོ་བོ་ཡིན་པ་དང་། གེ་སར་རིག་གནས་གཏིང་ཟབ་ཅིང་ཁྱབ་རྒྱ་ཤིན་ཏུ་ཆེ་སྟེ། སྡེ་དགེ་རུ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཨ་ཕྱུག་སྐྱིད་སོས་ཡག་གི་ཁ་མདོ་དང་འགུ་ཟི་རུ་གནས་པའི་གེ་སར་རྒྱལ་པོའི་ཕོ་བྲང་སེང་འབྲུག་སྟག་རྩེ། གླིང་གེ་སར་རྒྱལ་པོའི་ཕུ་བོ་རྒྱ་ཚ་ཞལ་དཀར་གྱི་མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་སོགས་གེ་སར་རིག་གནས་ཀྱི་རྗེས་ཤུལ་དྲུག་ཅུ་ལ་ཉེ་བ་ཡོད་སྟབས། རྒྱལ་ཡོངས་གེ་སར་རིག་གནས་གཞུང་ལས་ཁང་གིས་སྡེ་དགེ་ལ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དང་གེ་སར་ངག་ཐོག་རྒྱུན་འཛིན་ཞིབ་འཇུག་རྟེན་གནས། གེ་སར་གྱི་སྒྱུ་རྩལ་ཁྱིམ་གཞིས་བཅས་ཀྱི་མཚན་སྙན་བསྩལ་ཡོད། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1