《ཀྲུང་གོའི་གེ་སར་སྒྲུང་པའི་བརྙན་དེབ།》ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་འཚོགས།

གསར་འགོད་པ། དོན་གྲུབ་ཆོས་སྒྲོན། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-18


2023ལོའི་ཟླ་10པའི་ཚེས་17ཉིན་གྱི་ཕྱི་དྲོར། ཆེད་མཁས་པ་སུམ་ཅུ་ལྷག་ཁྲེང་ཏུའུ་རུ་གདན་གཅིག་ཏུ་འཛོམས་ནས《ཀྲུང་གོའི་གེ་སར་སྒྲུང་པའི་བརྙན་དེབ།》ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་འཚོགས། དེ་ཡང་ཆེད་མཁས་པ་རྣམས་ཀྱིས་གེ་སར་རིག་གནས་སྐོར་ལ་བགྲོ་གླེང་གནང་བ་དང་། 《གེ་སར་སྒྲུང་།》གི་སྒྲུང་པས་བོད་ཀྱི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། ཐ་ན་འཛམ་གླིང་ལོ་རྒྱུས་སྙན་རྩོམ་གྱི་གར་སྟེགས་སུ་གོ་གནས་གལ་ཆེན་བཟུང་བའི་སྐོར་མཉམ་སྤྱོད་བྱས་པར་མ་ཟད། ཁོང་རྣམ་པས་དུས་རབས་གསར་པའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་རིན་ཐང་གལ་ཆེན་བཅས་སྔོག་འདོན་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1