མཐོ་སྒང་གི་ཝ་གཞུང་མཚོ་ཁྲ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།སེམས་ཀྱི་ཉི་ཟླའི་དྲ་བ་ལས་དྲངས། སྤེལ་དུས། 10-23




 ཝ་གཞུང་མཚོ་ཁྲ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཁོངས་སུ་ཡོད་པ་དང་། བར་སྣང་ནས་བལྟས་ཚེ། མཚེའུ་དེ་ནི་མཁའ་དབྱིངས་ཀྱི་སྐར་ཚོགས་ཤིག་དང་འདྲ་བར་མཛེས་ལྗོངས་ཡིད་དུ་འོང་བ་ཞིག་ཡིན།

        རྨ་སྟོད་རྫོང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་དཀྱིལ་དབུས་སུ་ཆགས་པ་དང་། རྨ་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོ་དང་མཚེའུ་སྟོང་གི་རྫོང་ཅེས་པའི་མཚན་སྙན་ཡོད། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། ཝ་གཞུང་མཚོ་ཁྲ། སྟོང་རི་མཚོ་ནག་སོགས་རྨ་ཆུའི་མགོ་ཁུངས་ཀྱི་ཆུ་རྒྱུད་ཚང་མ་རྨ་སྟོད་རྫོང་ཁོངས་སུ་ཆགས་ཡོད།།

        མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཁོངས་སུ་པར་བླངས་པའི་ཝ་གཞུང་མཚོ་ཁྲ།

        ཉི་ཟེར་གྱི་འོག་ཏུ་ཝ་གཞུང་མཚོ་ཁྲ་ལྷིང་ཞིང་འཇགས་པ།

        པར་འདི་དག་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཁོངས་སུ་པར་བླངས་པའི་ཝ་གཞུང་མཚོ་ཁྲ།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1