མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྒྱ་ཚད་འཇལ་ཆས་ལ་ཆེད་དོན་ཞིབ་བཤེར་བྱས།

གསར་འགོད་པ། བཀྲ་ཤིས་ལྷ་མོ། ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 03-20


ཁྲོམ་རའི་རྒྱ་ཚད་འཇལ་ཆས་ཀྱི་སྒྲིག་ལམ་ཚད་ལྡན་དང་། ཁ་དོན་ཚིག་གནས་དང་དྲང་བཞག་གི་ཉོ་འཚོང་ཁོར་ཡུག་བསྐྲུན་ཆེད། ཉེ་བའི་ཉིན་ཤས་རིང་མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱ་ཚད་འཇལ་ཆས་ལ་ཆེད་དུ་ཞིབ་བཤེར་བྱས།

ཐེངས་འདིའི་ཞིབ་བཤེར་ཁྲོད་ཁོངས་གཏོགས་ས་ཁུལ་གྱི་ཚོང་ཁང་ཆེ་གྲས་དང་ཡུལ་གྲོང་གི་སྒོ་རྩིས་ཚོང་ཁང་། སྔོ་ཚལ་དང་ཤིང་འབྲས་ཚོང་ཁང་། སྐམ་ཤ་དང་ལུག་ཤ་ཚོང་ཁང་། འབྲུ་སྣུམ་ཚོང་ཁང་དང་ཟ་ཁང་བཅས་གཙོ་གནད་དུ་བཟུང་སྟེ། གློག་རྡུལ་རྒྱ་མ་ཁྲིམས་ལྟར་ཞིབ་དཔྱད་བྱས་ཡོད་མེད་དང་། རྒྱལ་ཁབ་ཀྱིས་བླང་དོར་གྱི་བཀའ་སྒྲོག་པའི་རྒྱ་ཚད་འཇལ་ཆས་བཀོལ་བཞིན་ཡོད་མེད། དུས་ཚོད་བརྒལ་བའི་གནས་ཚུལ་འོག་བེད་སྤྱོད་བྱེད་བཞིན་ཡོད་མེད། རང་དགར་སྒྲིག་ནས་བཀོལ་བཞིན་ཡོད་མེད། རྒྱ་ཚད་འཇལ་ཆས་ཡང་དག་མིན་སོགས་ཁྲིམས་འགལ་བྱ་སྤྱོད་ལ་ལྟ་ཞིབ་བྱས། ཞིབ་བཤེར་གོ་རིམ་ཁྲོད་ཁྲིམས་འཛིན་པས་ད་དུང་གཉེར་སྐྱོང་པར་ཚད་འཇལ་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ། གཉེར་སྐྱོང་པར་འགན་འཁྲི་དོན་འཁྱོལ་བྱེད་དགོས་པར་སྐུལ་འདེད་བཏང་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ཡིད་རྟོན་གཉེར་སྐྱོང་བྱེད་དགོས་པ་དང་། དེ་མིན་འཛད་སྤྱོད་པར་ཚད་འཇལ་གྱི་རྒྱུན་ཤེས་གསལ་འགྲེལ་བྱས་ཏེ། ཚད་ལྡན་གྱི་རྒྱ་ཚད་འཇལ་ཆས་ངོས་འཛིན་དང་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པར་ཁྲིད་སྟོན་བྱས། 

མིག་སྔའི་བར་ཁྱོན་ཁྲིམས་འཛིན་པ་མི་ཐེངས་8བཏང་སྟེ། ཚོང་ཁང་15དང་སྔོ་ཚལ་དང་ཤིང་འབྲས་ཚོང་ཁང་6། སྐམ་ལུག་གི་ཤ་ཚོང་ཁང་2། འབྲུ་སྣུམ་ཚོང་ཁང་2།  ཟ་ཁང་ཆེ་འབྲིང་7བཅས་ལ་ཞིབ་བཤེར་བྱས།  ཁྱོན་གློག་རྡུལ་རྒྱ་མ་34ལ་ཞིབ་བཤེར་བྱས་པར་རྒྱ་མ་2དུས་ལྟར་ཞིབ་དཔྱད་མ་བྱས་པས་ཡུལ་དངོས་ནས་སྤྱོད་མཚམས་བཞག་སྟེ། དུས་བཅད་ལྟར་རྒྱལ་ཁབ་ཀྱིས་གཏན་འབེབས་གནང་བའི་རྒྱ་མར་བརྗེ་དགོས་པའི་བླང་བྱ་བཏོན། རྒྱ་ཚད་འཇལ་ཆས་ཀྱི་ཆེད་དོན་ཞིབ་བཤེར་ལ་ཤུགས་སྣོན་སྒོས་རྒྱ་ཁ་མི་དྲང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། མི་དམངས་མང་ཚོགས་ལ་ཡིད་རྟོན་དྲང་གཞག་གི་འཛད་སྤྱོད་ཁོར་ཡུག་བསྐྲུན་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1