༄༅།།མདོ་ལ་རིང་མོའི་འབྲོག་སྟོང་གི་རྣམ་ཤེས་དང་བླ་ཟོག

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 04-19


མདོ་ལ་རིང་མོར་ཉི་ཟླ་ཚེས། ། འོད་སྣང་སྤྲིན་གྱི་རྒྱ་མཚོར་འཕྲོས། ། ཞེས་པ་ལྟར། འཕྲེད་གཞུང་བསྣོལ་ཞིང་མུ་མཐའ་བྲལ་བའི་མདོ་ལ་རིང་མོའི་ས་བབ་ཀྱིས་གནས་འདིའི་སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་ཡུལ་ལྗོངས་བསྐྲུན་ཡོད་ལ། དེ་ནི་སྲོག་ཆགས་རྣམས་འཚོ་གནས་བྱེད་སའི་ཁྱིམ་གཞིས་ཀྱང་ཡིན། མཚོ་འཕགས་མཐོ་བའི་ས་བབ་དང་གདུག་རྩུབ་ཆེ་བའི་ནམ་ཟླས་མི་རྣམས་གནས་འདིར་འོང་འདོད་ཀྱི་དཔའ་སྤོབས་ཞུམ་པར་བྱས་ཡོད་ལ། རྒོད་གཤིས་ཀྱིས་ཁེངས་པའི་ཞིང་ཁམས་ཤིག་ཀྱང་བསྐྲུན་ཡོད། དེ་ལྟ་ན། ང་ཚོ་རྒོད་གཤིས་ཀྱིས་ཁེངས་པའི་ཞིང་ཁམས་འདིའི་རྣམ་ཤེས་དང་བླ་ཟོག་འཚོལ་བར་འགྲོ།

གནའ་བ།

མདོ་ལ་རིང་མོའི་མཚོ་འཕགས་བར་ཁྱད་ཆེ་ལ། ཤར་གྱི་ཞིང་ཁ་ནས་ནུབ་ཀྱི་འབྲོག་སྟོང་གི་བར་དུད་ཁྱིམ་རིམ་བཞིན་ཇེ་ཉུང་དུ་སོང་ཡོད། ནུབ་རྒྱུད་ཀྱི་རི་རྩེ་དབྱར་ཁའི་དུས་སུའང་གངས་ཀྱིས་བཟུང་ཡོད་ལ། གངས་འདབས་ནི་ཚེ་སྲོག་གི་བཀག་སྡོམ་ཁུལ་ཡིན། གནས་འདི་རུ་གཡང་གཟར་གྱི་རྣམ་ཤེས་ཏེ།

གནའ་བ་དང་མ་ཁྲོས་ཀྱང་གདོང་ལ་གཏུམ་དྲག་མངོན་པའི་གངས་རིའི་རྒྱལ་པོ་གསའ་གཉིས་དུས་རྒྱུན་འཕྲད་ཀྱིན་ཡོད་ལ། འཕྲད་ཐེངས་རེར་ཤི་གསོན་གྱི་དམར་འཛིང་བྱེད།

གསའ།

 ལོ་ངོ་བརྒྱ་སྟོང་གི་རིང་ལ། ཤི་གསོན་གྱི་དགྲ་ཟླ་འདི་གཉིས་གཏིང་ཟབ་པའི་འཕེལ་འགྱུར་གྱི་ལམ་དུ་ཞུགས་ཤིང་། རང་སོ་སོའི་འཚོ་གནས་ཀྱི་ཕྱིར་དུ་མཚམས་མི་ཆད་པར་ཁོར་ཡུག་དང་འཕྲོད་བསྟུན་བྱེད་ཅི་ཐུབ་ལ་འབད། སྲོག་ཆགས་འདི་གཉིས་ཀྱི་གནས་སྟངས་ནི་ཏཱར་ཝན་འཕེལ་འགྱུར་སྨྲ་བའི་ཆེས་གོ་སྐོན་བློ་འགུགས་ཀྱི་ནུས་པ་ལྡན་པའི་དཔེ་མཚོན་གསོན་པོ་ཞིག་ཏུ་གྱུར་ཡོད།

འབྲོང་།

འབྲོང་ནི་མཐོ་སྒང་གི་བཙན་བདག་ཡིན་པའི་ཆ་ནས། གནའ་རབས་རིག་གནས་ཀྱི་ཁྲོད་དུ་རྟག་པར་རིག་གནས་མཚོན་བྱེད་ཀྱི་རུས་བླ་རུ་བྱེད། མདོ་ལ་རིང་མོའི་འབྲོང་གི་ལུས་བོངས་ཆེ་བ་དང་། དབུགས་ལམ་ཐུང་ཞིང་སྦོམ་པས་མགྱོགས་མྱུར་ངང་དབུགས་འབྱིན་རྔུབ་བྱེད་ཐུབ་ལ། དུས་ཐོག་ཏུ་གློ་དབུགས་བརྗེ་རེས་དང་ཁྲག་དབྱང་ཟུང་འདོན་ཡང་བྱེད་ཐུབ། ལུས་ཁམས་ཀྱི་གྲུབ་ཚུལ་འདི་ཁོ་ཚོ་དབྱང་རླུང་དཀོན་པའི་མཐོ་སྒང་ལ་འཕྲོད་བསྟུན་བྱེད་པར་ཕན། འབྲོང་གི་སྤུ་མཐུག་ལ་རྔུལ་ཐོན་རྨེན་བུ་ཅུང་ཉུང་བ་དང་། སྐེ་དང་བྲང་ཁ། ཕོ་བ་སོགས་སུ་སྤུ་རིང་བོ་ཤམ་ཡོད་པས། རླུང་གིས་གསེད་པའི་དྲོད་སྲུང་བེར་ཆེན་ཞིག་དང་འདྲ་བར་གྲང་ངར་འགོག་བཞིན་ཡོད། འབྲོང་གི་རྨིག་ཁ་ཆེ་ཞིང་སྒོར་ལ་སྲ་མཁྲེགས་ལྡན་པ་དང་། 

 རྨིག་མཐིལ་དུ་འཇམ་ཞིང་མཉེན་པའི་སྐོགས་ཤུན་ཡོད་པས། གཡང་གཟར་ཆེ་བའི་མཐོ་སྒང་གི་གངས་འཁྱགས་ཁྲོད་བགྲོད་པར་ཐོགས་པ་མེད་ལ། རྣོ་དབལ་ལྡན་པའི་རྭ་ཅོ་གཉིས་ནི་དེ་བས་ཀྱང་འབྲོང་གིས་ཕར་རྒོལ་བྱེད་པ་དང་ཕྱི་དགྲ་འགོག་པའི་རིན་ཆེན་མཚོན་ཆ་དང་མཚུངས་པར། སྲོག་ཆགས་གཞན་གྱི་དཔའ་ཞུམ་པར་བྱེད། བར་སྟོང་ཅི་ཙམ་རྒྱ་ཆེ་ན་དེ་ཙམ་དུས་ཚོད་ཀྱིས།

མི་འདང་བས། མདོ་ལ་རིང་མོས་ལོ་རྒྱུས་ཀྱི་བགྲོད་ལམ་རིང་མོ་བརྒྱུད་རྗེས། ད་དུང་སྔར་བཞིན་འཁང་ར་མེད་པར་ས་འདིའི་ཚེ་སྲོག་དག་སྲུང་བཞིན་ཡོད། ལོ་བཅུ་ཕྲག་འགའ་ལས་མེད་པའི་མིའི་རིགས་ཀྱི་ཚེ་ཐག་ནི་ཅི་འདྲའི་ཐུང་བ་ལ། དུས་བཞི་རེས་སུ་འཁོར་ཞིང་ལོ་ཟླ་རིམ་གྱིས་རྒས་པའི་གོ་རིམ་ཁྲོད། ཚེ་སྲོག་གི་གླུ་སྐད་ལ་འཇགས་པ་མེད་ཅིང་སྐྱེ་འགྲོ་ཐམས་ཅད་ཀྱང་འདྲ་མཉམ་ཡིན་ཏེ། 

མི་དང་སྲོག་ཆགས་གང་ཡིན་ཡང་ལོ་ཟླ་རིང་མོའི་མགྲོན་པོ་ཁོ་ནའོ།།  གཅིག་བཤད་ན་མིའི་རིགས་ཀྱི་དཔལ་ཡོན་དང་རང་བྱུང་ཁམས་གཉིས་མ་གཞི་ནས་འགལ་ཟླ་ཡིན་མི་སྲིད། ཡིན་ནའང་དེང་གི་དུས་འདིར་འུར་ཟིང་ཆེ་དྲགས་པས། རྒྱུ་དངོས་པོར་ཧམ་ཐོབ་བྱེད་པའི་སྤྱི་ཚོགས་ཀྱི་འཁོར་རྒྱུག་ཁྲོད། མི་རྣམས་ཀྱིས་རང་བྱུང་ཁམས་ཆེན་མོའི་ཁྲོད་རང་ཉིད་ཀྱི་ངེས་གནས་བོར་ཞིང་། རང་བྱུང་ཁམས་ཀྱི་གཏིང་རིམ་ནས་མཆེད་པའི་ཤ་ཚ་བའི་འབོད་སྐད་དེ་དག་བཏང་སྙོམས་སུ་བཞག་པ་ཡིན་ངེས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1