ཚན་རྩལ་ཞིང་སྐྱོར་ལ་བརྟེན་ནས་སྟོན་འབྲུ་སྐྱེས་འཚར་ལ་བརྟག་པ།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 09-11


ཉེ་དུས། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གིས་ཞིང་ལས་གྲོང་གསེབ་ཅུས་དང་། ཚན་རྩལ་ཆུ་བེད་ཅུས། ཞིང་འབྲོག་ལས་ཚན་རྩལ་ཞབས་ཞུ་ས་ཚིགས་བཅས་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཤང་གྲོང་4རུ་བསྐྱོད་དེ་ནས་ཀྱི་ཐོན་འབབ་ཚད་ལེན་དང་དབྱེ་ཞིབ་ལས་དོན་སྤེལ་བ་རེད། དཔེ་ལེན་ཚོད་སྐོར་བྱས་པ་བརྒྱུད། འདི་ལོ་ས་གནས་དེ་གའི་ནས་ཀྱི་ཐོན་འབབ་རིགས་པའི་གཞུང་ལུགས་ངོས་ནས་བརྗོད་ན་མུའུ་རེའི་ཆ་སྙོམས་ཐོན་འབབ་རྒྱ་མ་443.25ཟིན་རྒྱུ་དང་ཚོད་ལྟའི་ནས་ཀྱི(བོད་ནས་ཨང་17པ)རིགས་པའི་གཞུང་ལུགས་ངོས་ནས་བརྗོད་ན་མུའུ་རེའི་ཆ་སྙོམས་ཐོན་འབབ་རྒྱ་མ་446.17ཟིན་རྒྱུ་ཡིན་པ་རེད། འདི་ནི་འབྲི་རུ་རྫོང་གི་འབྲེལ་ཡོད་ལས་དོན་མི་སྣས་ཞིང་ནང་དུ་ནས་ཀྱི་ཐོན་འབབ་ཚད་ལེན་དང་དབྱེ་ཞིབ་ལས་དོན་སྤེལ་བཞིན་པ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1