ཝང་ཆི་ཧྲན་གྱིས་ཨ་རིའི་སྔོན་མའི་རྒྱལ་དོན་བློན་ཆེན་ཅི་ཞིན་གུ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-03


  སྤྱི་ཟླ་11པའི་ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་ཨ་རའི་སྔོན་མའི་རྒྱལ་དོན་བློན་ཆེན་ཅི་ཞིན་གུ་དང་མཇལ་འཕྲད་གནང་།

  ཝང་ཅི་ཧྲན་གྱིས་ཀྲུང་གོའི་གཏམ་རྒྱུད་ལེགས་པོ་ཞིག་འཆད་དགོས་ན་ཐོག་མར་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ལེགས་པོ་ཞིག་འཆད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་དམིགས་དབེན་དང་འདུ་ཤེས། བགྲོད་ལམ་བཅས་ཀྱི་ཐད་ནས་ཀྲུང་གོའི་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་འཆར་གཞི་སྒྲིག་འགོད་བྱས། ལོ་བརྒྱ་གཉིས་ཀྱི་འབད་བརྩོན་དམིགས་འབེན་དང་ཕྱོགས་ལྔ་གཅིག་བསྡུའི་སྙོམས་སྒྲིག་སྒོས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱ་དགོས་ན་ཐོག་མར་ཏང་གི་འཛུགས་སྐྲུན་ལེགས་པོ་བསྒྲུབ་དགོས། ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱིས་ཀྲུང་གོའི་མི་གྲངས་སྟོང་ཕྱུར་13ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་དབུ་ཁྲིད་དང་ཁ་བྲལ་ཐབས་མེད་པ་ཐག་གཅོད་བྱས་པ་རེད། ཏང་གི་ལོ་རྒྱུས་ལས་དབང་གིས་ངེས་པར་དུ་གཟབ་ནན་ངང་ཏང་སྐྱོང་དགོས་པའི་ཐག་གཅོད་བྱས། ང་ཚོའི་ཏང་གིས་གདོང་གཏོད་པའི་ལས་དོན་དང་རང་སྟེང་གི་གནད་དོན་ལ་ངོས་འཛིན་ཟབ་མོ་ཐོབ་ཅེས་བསྟན།

  ཅི་ཞིན་གུ་ཡིས་སྐབས་བཅོ་བརྒྱུད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཚུན་ལ་ཀྲུང་གོའི་འགྱུར་ལྡོག་གསལ་པོར་ཚོར་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་བློ་སྤོབས་ལ་གུས་སྨོན་བྱེད་བཞིན་ཡོད། ཀྲུང་གོའི་རྒྱལ་ཁ་དེ་འཛམ་གླིང་སྤྱིའི་ཁེ་ཕན་དང་མཐུན་ཞིང་ཨ་རི་དང་ཀྲུང་གོའི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་འཇོག་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1