ལི་ཁེ་ཆང་དུས་ཆད་ལྟར་འཇན་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-03


  སྤྱི་ཟླ་11པའི་ཚེས་1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དུས་ཆད་ལྟར་ཧྲིག་ཨེར་ནས་སྐབས་དྲུག་པའི་ཀྲུང་གོ་དང་འཇར་པན། ལྷོ་ཁོ་རེ་ཡ་བཅས་ཀྱི་དབུ་ཁྲིད་གྲོས་ཚོགས་སུ་ཞུགས་པའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་དང་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ཀྲུང་གོ་དང་འཇར་པན་ནི་ཨེ་ཤ་ཡ་དང་འཛམ་གླིང་ལ་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་གཉིས་ཡིན་ལ། འདས་པའི་ལོ་དུ་མའི་རིང་ཀྲུང་གོ་དང་འཇར་པན་རེ་ཞིག་ཀྱག་ཀྱོག་གི་བགྲོད་ལམ་བརྒྱུད་པ་རེད། དེ་རྒྱུ་རྐྱེན་འཇར་པན་ཕྱོགས་ཀྱིས་གསལ་པོར་ཤེས་ངེས། འདི་ལས་ནན་ཏན་སྒོས་མཉམ་མྱོང་ཕྱོགས་བསྡོམས་བྱེད་རྒྱུ་གལ་ཆེ། ན་ནིང་ལོ་མཇུག་ཏུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བྲེལ་འཚུབ་ལས་ཕྱིར་ལྡོག་ཏེ་གཏན་འཇགས་ཀྱི་ཕྱོགས་སུ་འཕེལ། དེ་མཚུངས་སུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཚོར་སྐྱེན་ཅན་དང་རྙོག་འཛིང་ཅན་དུ་འགྱུར་བཞིན་འདུག རྒྱུན་ལྡན་གྱི་འབྲེལ་བར་ཕྱོགས་པ་ནི་ཆེས་གལ་ཆེན་གྱི་ལས་དོན་ཞིག་རེད། དེ་ལ་ཕྱོགས་གཉིས་ཀྱིས་གཤམ་གསལ་གྱི་ལས་དོན་འགའ་ལེགས་པོ་བསྒྲུབ་དགོས།

གཅིག རྒྱལ་ཁབ་གཉིས་ཀྱི་སྤྱིའི་འཕེལ་ཕྱོགས་ལ་ངོས་འཛིན་བྱ་བ།

གཉིས། འོས་མཐུན་སྒོས་ཚོར་སྐྱེན་གནད་དོན་ཐག་གཅོད་དང་ཚོད་འཛིན་བྱ་བ།

གསུམ། ཕན་ཚུན་གྱི་ཡིད་ཆེས་གཙོ་སྐྱོང་གནང་པ།

བཞི། དངོས་དོན་མཉམ་འབྲེལ་གཏིང་ཟབ་ཏུ་གཏང་བ།

  ཨེན་ཕེ་ཡིས་འཇར་པན་དང་ཀྲུང་གོ་གཉིས་ཀྱིས་ས་ཁུལ་གྱི་ཞི་བདེ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགན་ཁུར་ཡོད་པས་མཉམ་དུ་འདིའི་ཕྱོགས་ལ་བྱས་རྗེས་འཇོག་དགོས། ངས་བློ་བརྟན་འགྱུར་མེད་སྒོས་འཇར་པན་དང་ཀྲུང་གོའི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་དང་འཇར་པན་དང་ཀྲུང་གོའི་འཐབ་འཇུས་མཉམ་ཕན་འབྲེལ་པའི་རྩ་བའི་བསམ་བློ་ལྟར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་སུ་གཏང་འདོད། འཛམ་གླིང་འཁྲུག་ཆེན་གཉིས་པའི་ཕྱིར་རྟོག་ཁྲོད་འཇར་པན་མུ་མཐུད་དུ་ཞི་བདེའི་བགྲོད་ལམ་དུ་བསྙེག་ངེས་སྟེ་ཆེད་སྲུང་ཉེན་གཟབ་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱ་ངེས། ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་འཛམ་གླིང་ཡོངས་ཀྱི་དོ་སྣང་བྱེད་བཞིན་འདུག འདིའང་འཇར་པན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པ་ཆེན་པོ་ཡོད། འཇར་པན་ནི་འཛམ་གླིང་གི་ཆེས་གཙོ་བའི་དཔལ་འབྱོར་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་བར་ཤུགས་སྣོན་བྱ་དགོས། འཇར་པན་ཕྱོགས་ནས་གོམ་གང་མདུན་སྤོས་སྒོས་རྒྱལ་ཁབ་གཉིས་ཀྱི་དངུལ་རྩ་དང་ཁོར་སྲུང་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1