ཞི་ཅིན་ཕིང་གིས་མཱ་ཡིང་ཅིའུ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-09


 

  སྤྱི་ཟླ་11པའི་ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སང་གྷ་ཕོར་ནས་ཐའེ་ཝན་ཕྱོགས་ཀྱི་དབུ་ཁྲིད་མཱ་ཡིང་ཅིའུ་དང་མཇད་འཕྲད་གནང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་སུ་འགྲོ་བར་ཐད་ནས་བསམ་འཆར་བརྗེ་རེས་མཛད། འདི་ནི་སྤྱི་ལོ་1949ལོ་ཚུན་གྱི་ཕྱོགས་གཉིས་ཀྱི་དབུ་ཁྲིད་ཀྱི་ཆེས་ཐོག་མའི་མཇལ་འཕྲད་རེད།

  ཞི་ཅིན་ཕིང་གིས་དེ་རིང་ནི་ཆེས་དམིགས་བསལ་གྱི་ཉིན་མོ་ཞིག་སྟེ། ཕྱོགས་གཉིས་ཀྱི་འགོ་ཁྲིད་ཀྱི་མཇལ་འཕྲད་འདིས་ཕྱོགས་གཉིས་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་གི་འགོ་བརྩམས་པ་རེད། ལོ་རྒྱུས་ཀྱིས་དེ་རིང་བརྗེད་མི་སྲིད། འདས་པའི་ལོ་ཟླའི་ནང་ཕྱོགས་གཉིས་ཀྱི་འབྲེལ་བ་རྣོ་ངར་དུ་གནས་ཤིང་གཉེན་ཉེ་དག་དང་འབྲེལ་ཐག་ཆད། ཁྱིམ་ཚང་མང་པོ་ཞིག་ལ་བསུབ་ཏུ་མེད་པའི་ན་ཟུག་བཞག་པ་རེད། དུས་རབས་སྔོན་མིའི་ལོ་རབས་80ནང་སྤུན་ཟླའི་བརྩེ་བས་ཕྱོགས་གཉིས་ཀྱི་བཀག་བསྡོམས་ཀྱི་སྒོ་ཆེན་གཏོར། 2008ལོ་ནས་བཟུང་ཕྱོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་སུ་འགྲོ་བའི་ཕྱོགས་སུ་འཕེལ། འདས་ཟིན་པའི་ལོ་ངོ་བདུན་གྱི་རིང་ལ་ཐའེ་ཝན་གྱི་སྤྱི་ཚོགས་གཏན་འཇགས་ཡིན་ལ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལའང་གཡུར་དུ་ཟ་བའི་འབྲས་བུ་བླངས་ཡོད་ཅེས་བསྟན།

  ཞི་ཅིན་ཕིང་གིས་ང་ཚོ་དེ་རིང་གནས་འདིར་འཛོམས་པ་ནི་ལོ་རྒྱུས་ཀྱི་སྐྱོ་གར་ཡང་བསྐྱར་མི་འབྱུང་བའི་ཆེད་དུ་ཡིན་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་ཏེ་ཕྱོགས་གཉིས་ཀྱི་སྤུན་ཟླར་གཏན་འཇགས་བདེ་སྐྱིད་ཀྱི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཏེ་ཕྱི་རབས་པར་མཛེས་སྡུག་གི་འབྱུང་འགྱུར་ཞིག་ལོངས་སུ་སྤྱོད་དུ་འཇུག་དགོས། གནས་བབ་གསར་པའི་འོག་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་འཇུག་ངོགས་གསར་པའི་ངོས་ནས་ཕྱོགས་གཉིས་ཀྱིས་མི་རིགས་ཀྱི་སྤྱིའི་ཁེ་ཕན་དང་དུས་རབས་ཀྱི་འཕེལ་ཕྱོགས་ལ་དམིགས་ཤིང་། ཕྱོགས་གཉིས་ཀྱི་ཞི་བདེ་འབྲེལ་བའི་འཕེལ་རྒྱས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་པ་བྱ་དགོས་ཞེས་བསྟན། འདིའི་ཐད་ནས་ཞི་ཅིན་ཕིང་གིས་གཤམ་གསལ་གྱི་དགོངས་འཆར་བཞི་བཏོན།

དང་པོ། ཕྱོགས་གཉིས་ཀྱི་ཆབ་སྲིད་རྨང་གཞི་འགྱུར་བ་མེད་པར་རྒྱུན་འཁྱོངས་བྱ་བ།

གཉིས་པ། ཕྱོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་སུ་འགྲོ་བར་ཤུགས་སྣོན་བྱེད་པར་རྒྱུན་འཁྱོངས་བྱ་བ།

གསུམ། ཕྱོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་པར་རྒྱུན་འཁྱོངས་བྱ་བ།

བཞི། མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རྒྱུན་འཁྱོངས་བྱ་བ།

  མཱ་ཡིང་ཅུའུ་ཡིས་2008ལོ་ནས་བཟུང་། ཕྱོགས་གཉིས་ཀྱིས་མཉམ་དུ་ཞི་བདེ་གཏན་འཇགས་ཀྱི་ཐའེ་ཝན་རྣམ་པ་བསྐྲུན་ཏེ་ཕྱོགས་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་གཟེངས་བསྟོད་ཐོབ། གྲུབ་འབྲས་འདིར་གཅེས་སྐྱོང་བཟང་པོ་བྱ་དགོས། དགུ་གཉིས་ཐུན་མོང་གི་ངོས་འཛིན་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་སུ་འགྲོ་བར་མངོན་འགྱུར་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་རེད། དགུ་གཉིས་ཐུན་མོང་གི་ངོས་འཛིན་སྲ་བརྟན་དུ་གཏང་སྟེ་བརྗེ་རེས་མཉམ་འབྲེལ་རྒྱ་བསྐྱེད་པ་དང་མཉམ་འབྲེལ་མཉམ་རྒྱལ་ལ་སྐུལ་འདེད། ཕྱོགས་གཉིས་ཀྱི་དམངས་སེམས་ཀྱི་བར་ཐག་ཇེ་ཉེ་རུ་གཏང་དགོས། ཕྱི་ཕྱོགས་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་ཕྱོགས་གཉིས་རང་ངོས་ནས་ཞི་བདེ་སྒོས་ཐག་གཅོད་ཐུབ་པ་གསལ་བསྒྲགས་བྱ་དགོས། དེ་མིན་མཉམ་དུ་ཕྱོགས་གཉིས་ཀྱི་ཕྱི་རབས་པར་བདེ་སྐྱིད་ཀྱི་འབྱུང་འགྱུར་ཞིག་བསྐྲུན་པར་འབད་པ་བྱ་དགོས་ཞེས་བསྟན།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1