འབའ་ཐང་རྫོང་གིས་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་བཏང་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-09


    ཉེ་ཆར། འབའ་ཐང་རྫོང་གིས་དུས་རྒྱུན་དུ་གཅིག་སྡུད་ཀྱིས་སློབ་སྦྱོང་བྱེད་པ་དང་ཚོགས་འདུས་སློབ་སྦྱོང་བྱེད་དུ་འཇུག་པའི་བྱེད་སྟངས་དེ་བསྒྱུར་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཉམས་མྱོང་སྤེལ་རེས་ཀྱི་གཏམ་བཤད། ཡུལ་དངོས་སུ་དཔྱད་བརྗོད་སྤེལ་པའི་བྱེད་ཐབས་སྤྱད་དེ་རྫོང་དེའི་2015ལོའི་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་ལྔ་པ་སྤེལ། 
    ཚོགས་འདུའི་ཐོག་ཏུ་རྫོང་དེའི་ཏང་ཨུའི་འབྲེལ་ཡོད་འགན་ཁུར་བས་《ཧུའུ་ནན་ཧེང་དབྱང་གི་འདེམས་བསྐོར་གཏོར་བཤིག་གཏོང་བའི་གྱོད་གཞིའི་ཐག་གཅོད་གནས་ཚུལ་དང་དེའི་སྐོར་གྱི་བསླབ་བྱ་ཉེན་བརྡ་གཏོང་བའི་ཡོངས་ཁྱབ་བརྡ་ཡིག》ལ་སློབ་སྦྱོང་བྱས་པ་དང་ཚོགས་ཞུགས་མི་སྣས་གཅིག་སྡུད་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་ལས་ཀའི་སྲོལ་ཡིག་སོགས་ཉེ་དུས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་ཚོགས་འདུའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བྱས།
རྫོང་དེའི་འགན་ཁུར་པ་གཙོ་བོ་ཁག་གིས་སོ་སོས་གཏམ་བཤད་ལ་དཔྱད་བརྗོད་སྤེལ་བར་མ་ཟད། འབྲེལ་ཡོད་ལས་ཀའི་ཁྲོད་དུ་གནས་པའི་གནད་དོན་ལ་བསམ་འཆར་དང་གྲོས་གཞི་བཏོན།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1