དཀར་མཛེས་ཁུལ་རོང་བྲག་རྫོང་མི་དམངས་ཁྲིམས་ཁང་གིས་སྟག་གསུམ་ཁྲིམས་ཁང་ཚན་རྩལ་ཁྲིམས་ར་དངོས་སུ་བསྐྲུན།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-09


    འདྲི་གཅོད་དོ་དམ་ལ་ཤུགས་སྣོན་པ་དང་།ཁྲིམས་འཛིན་ཡོངས་བསྒྲགས་དོན་འཁྱོལ་ཡོང་བ། ཉི་འོད་ཁྲིམས་འཛིན་ལ་སྐུལ་འདེད་གཏང་བ་སོགས་ཀྱི་ཆེད་དུ། ཁྲིམས་ཁང་གི་ལས་ཀ་ཚན་རིག་ཅན་དང་། ཚད་ལྡན་ཅན། ཞིབ་ཚགས་ཅན། གྲངས་འཛིན་ཅན་གྱི་དོ་དམ་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་ཁྲིམས་སའི་ཟིན་ཐོའི་བྱེད་ཐབས་འཐུས་ཚང་དུ་གཏང་བ་དང་། དོ་བདག་གི་གཏུག་བཤེར་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར། ཉེ་ཆར། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་གཅིག་གྱུར་གྱིས་ཉོས་པའི་ཚན་རྩལ་ཁྲིམས་སའི་སྒྲིག་ཆས་སྟག་གསུམ་ཁྲིམས་སར་བསྐྲུན་ཟིན་ཞིང་རོང་བྲག་ཁྲིམས་ཁང་གིས་ཆེད་མངགས་སྒྲིག་འཛུགས་བྱས་ཏེ་ཚན་རྩལ་ཁྲིམས་སའི་བེད་སྤྱོད་ཤེས་བྱ་ཆེད་དོན་གསོ་སྦྱོང་སྤེལ་བ་དང་ཚན་རྩལ་ཁྲིམས་ས་བསྐྲུན་རྒྱུར་རྨང་གཞི་འདིང་། 
    ཚན་རྩལ་ཁྲིམས་སར་གཙོ་བོ་གྱོད་དོན་འཕྲི་དུས་དང་། ཁྲིམས་སའི་འདྲི་གཅོད་དོ་དམ། གཅིག་བསྡུས་ཚོད་འཛིན། དཔང་རྟགས་སྟོན་པ། དུས་མཉམ་སྒྲ་ཕབ་བརྙན་ཕབ་སོགས་ཀྱི་བྱེད་ནུས་ལྡན། ཁྲིམས་སའི་ཞིབ་གཅོད་སྐབས་སུ། ཁྲིམས་སའི་ནང་གི་གློག་རྡུལ་ཆ་འཕྲིན་མ་ལག་གིས་སྒྲ་བརྒྱུད་ནས་རང་འགུལ་གྱིས་འཆད་མཁན་གནས་ས་དབྱེ་འབྱེད་བྱེད་ཐུབ་པ་དང་། བརྙན་ལེན་འཕྲུལ་ཆས་བརྒྱུད་དེ་བརྙན་ཤེལ་ཐོག་གི་རི་མོ་རང་འགུལ་གྱིས་བརྗེ་བ་དང་། ཁྲིམས་རའི་འདྲི་གཅོད་ཀྱི་བརྙན་ལམ་དང་ཟིན་བྲིས་ནི་ཡི་གེ་དང་རི་མོ་མཉམ་དུ་བརྙན་ཡོལ་གཅིག་གི་སྟེང་དུ་སྟོན་ཐུབ། ཚན་རྩལ་ཁྲིམས་ཁང་གིས་ཁྲིམས་རའི་འདྲི་གཅོད་གོ་རིམ་དུས་མཉམ་དུ་སྒྲ་ཕབ་བརྙན་ཕབ་བྱེད་པ་མངོན་འགྱུར་བྱུང་བས། སྲོལ་རྒྱུན་གྱི་ཁྲིམས་ས་འཚོགས་སྟངས་ལ་འགྱུར་ལྡོག་བཏང་བ་རེད། ཚན་རྩལ་ཁྲིམས་སའི་འདྲི་གཅོད་ཀྱི་གོ་རིམ་སྟབས་བདེ་དང་ཐད་མཐོང་དུ་བྱས་ཤིང་། འདྲི་གཅོད་བྱེད་སྒོ་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་ཡིན་པ་དང་། དུས་ཀུན་ཏུ་འདྲི་གཅོད་བྱ་ཡུལ་སོར་ཆུད་བྱེད་ཐུབ། དེས་ཁྲིམས་དཔོན་གྱིས་ཁྲིམས་སའི་འདྲི་གཅོད་ཀྱི་ཁ་ལོ་བསྒྱུར་ནུས་ཇེ་མཐོར་བཏང་པར་མ་ཟད། ཁྲིམས་དཔོན་གྱི་གཏམ་གླེང་དང་བྱ་སྤྱོད་ཚོད་འཛིན་དང་ཚད་ལྡན་དུ་བཏང་ཡོད་པས། ཉི་འོད་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བ་དང་། འདྲི་གཅོད་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ། ཁྲིམས་འཛིན་གྱི་སྤྱི་མོས་བྱེད་ཚད་ཇེ་མཐོར་གཏོང་བ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། 
    ཚན་རྩལ་ཁྲིམས་ཁང་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་ཁྲིམས་ཁང་ནང་ཁུལ་དང་སྤྱི་ཚོགས་ཐོག་གི་སྤྱི་དམངས་ཀྱིས་ཁྲིམས་འཛིན་བརྒྱུད་རིམ་ལ་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། ཁྲིམས་ཁང་གི་ཉི་འོད་འདྲི་གཅོད་ལ་སྐུལ་འདེད་བཏང་བ་རེད། མིག་སྔར། ཁྲིམས་ཁང་འདིར་ཚན་རྩལ་ཁྲིམས་ས་གསུམ་བཙུགས་ཡོད་ལ། དྲང་གཞག ནུས་མཐོ། དབང་གྲགས་ཀྱི་འདྲི་གཅོད་ལས་ཁུངས་འཛུགས་སྐྲུན་བྱེད་པའི་ཐད་ལ་གོམ་སྟབས་བརྟན་པོ་སྤོས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1