ཀྲུང་གོའི་གསར་འགྱུར་གཟེངས་རྟགས་གནང་པའི་སྙན་ཞུ་ཚོགས་འདུ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-10


 

  སྤྱི་ཟླ་11པའི་ཚེས་8ཉིན། སྐབས་བཅུ་དྲུག་པའི་ཀྲུང་གོའི་གསར་འགོད་པའི་དུས་ཆེན་བསུ་བའི་སྐབས་འདིར། སྐབས་ཉེར་ལྔའི་ཀྲུང་གོའི་གསར་འགྱུར་གཟེངས་རྟགས་གནང་པའི་སྙན་ཞུ་ཚོགས་འདུ་ཚེས་8ཉིན་པེ་ཅིང་ནས་སྤེལ།                     

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་གཟེངས་རྟགས་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་ཞིང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་གསར་འགྱུར་ལས་ཀས་གྲུབ་འབྲས་ལ་ཁས་ལེན་མཛད། དེ་མིན་རྒྱ་ཆེའི་གསར་འགྱུར་ལས་བྱེད་པར་དུས་ཆེན་གྱི་འཚམས་འདྲི་བྱས། ཁོང་གིས་གསར་འགྱུར་འཐབ་ཕྱོགས་ཀྱིས་གཏིང་ཟབ་པའི་སྒོ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱ་དགོས་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དམིགས་སུ་བཟུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱ་བར་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་དང་གླེང་ཕྱོགས་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཞེས་བསྟན།

  ལིའུ་ཡུན་ཧྲན་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དམིགས་ས་གཙོ་བོ་ནི་གཞི་རིམ་ཡིན་ཞིང་ཕུལ་དུ་བྱུང་བའི་གསར་འགྱུར་གྱི་ཐོན་ཁོངས་ཀྱང་གཞི་རིམ་ན་ཡོད་པ་རེད། གཞི་རིམ་དུ་བསྐྱོད་པ་དང་སྤྱོད་ལམ་བསྒྱུར་བ། རྩོམ་གཤིས་བསྒྱུར་བའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ་གཞི་རིམ་དམངས་ཚོགས་ཀྱིས་ཀྲུང་དབྱང་གི་ལས་ཀའི་བཀོད་སྒྲིག་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ་བྱས་པ་དང་དམངས་ཚོགས་ཁྲོད་ཟབ་ཞུགས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་རྣམ་པ་ཉམས་སུ་མྱོང་དགོས། གསར་འགྱུར་ལས་བྱེད་པའི་ཡང་དག་པའི་གསར་འགྱུར་ཕུགས་འདུན་སེམས་ལ་བཅངས་ཏེ་རིག་གནས་ཀྱི་ཡིད་ཆེས་དང་རིན་ཐང་ལྟ་བུའི་ཡིད་ཆེས་རྒྱུན་འཁྱོངས་བྱེད་པ་དང་ལས་རིགས་ཀུན་སྤྱོད་བརྩི་སྲུང་དང་སྤྱི་ཚོགས་འགན་ཁུར་རྒྱུན་འཁྱོངས་བྱ་དགོས། ཐུན་མོང་གི་ངོས་འཛིན་གཅིག་བསྡུ་དང་གཞི་རིམ་ལ་རྐང་བཙུགས་པའི་ལས་ཀ་བསྒྲུབ་ཏེ་དྲང་ནུས་ཀྱི་གསར་འགྱུར་མང་དུ་སྤེལ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1