དཔྱད་གཏམ། བོད་རིགས་ས་ཁུལ་གྱི་ལས་ཀའི་འགན་འཁྲིའི་འདུ་ཤེས་ཆེ་རུ་གཏང་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-10


   བོད་རིགས་ས་ཁུལ་གྱི་ལས་ཀ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། རྒྱལ་ཁབ་གཅིག་གྱུར་དང་བརྟན་འཇགས་སྲ་བརྟན་སྲུང་སྐྱོང་ལ་དམིགས་བསལ་གྱི་དོན་སྙིང་ཆེན་པོ་ལྡན། སི་ཁྲོན་ནི་རྒྱལ་ཡོངས་ཀྱི་བོད་ཁུལ་ཆེན་པོ་ཨང་གཉིས་པ་ཡིན་དེ། སི་ཁྲོན་བོད་རིགས་ས་ཁུལ་གྱི་ལས་དོན་ཡག་པོ་བསྒྲུབ་པར་བོད་ཁུལ་གྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། འབྲེལ་ཡོད་སྡེ་ཚན་གྱིས་གཟབ་ནན་སྒོས་ཞིང་ཆེན་ཏང་ཨུའི་བོད་རིགས་ས་ཁུལ་གྱི་ལས་ཀའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བར་བྱ་དགོས། འཐབ་ཇུས་ཀྱི་ཚད་མཐོན་པའི་ངོས་ནས་སི་ཁྲོན་བོད་ཁུལ་གྱི་མདུན་དུ་ལྷགས་པའི་རྣམ་པ་གསར་པ་དང་འོས་འགན་གསར་པར་ངོས་འཛིན་ཟབ་མོ་བྱས་ནས། སི་ཁྲོན་བོད་ཁུལ་གྱི་བྱ་བའི་འགན་འཁུར་འདུ་ཤེས་སྔར་ལས་མངོན་གསལ་དོད་པོས་ཤུགས་ཆེ་རུ་གཏང་དགོས།
   བོད་ཁམས་བརྟན་འཇགས་ཡོང་དགོས་ན་སྔོན་ལ་ངེས་པར་དུ་ཁམས་ཕྱོགས་བཏན་འཇགས་ཡོང་དགོས། སི་ཁྲོན་བོད་རིགས་ས་ཁུལ་གྱི་ལས་ཀའི་ཐོག་མཐའ་བར་གསུམ་དུ་བོད་རིགས་ས་ཁུལ་ཧྲིལ་པོའི་ལས་དོན་གྱི་འཐབ་ཇུས་གོ་གནས་མཐོ་སར་འཇོག་དགོས་པ་དང་། སི་ཁྲོན་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་མྱུར་ངང་ཡུན་རིང་བདེ་འཁོད་ཡོང་ཐབས་དང་འབྲེལ་ནས་བོད་རིགས་ས་ཁུལ་ཧྲིལ་པོ་དང་རྒྱལ་ཡོངས་ཀྱི་མངའ་ཁོངས།  སི་ཁྲོན་གྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་འབྲེལ་བ་ཡོད་པས། སི་ཁྲོན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་དགོས། ཉེ་བའི་ལོ་ཤས་རིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ། ཞིང་ཆེན་ཏང་ཨུའི་ལག་བསྟར་ནན་ཏན་བྱས་ཏེ་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་གཏང་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། རྩ་ལག་མཉམ་བཅོས། དུས་ཡུན་རིང་ཐུང་ཟུང་འབྲེལ་དང་། ཕྱོགས་བསྡུས་ཇུས་གཞི། གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་གོང་འཕེལ་དུ་གཏང་པ།  དམངས་འཚོ་གཏན་འཇགས་བཅས་ཀྱི་དོན་ཆེན་གསུམ་བོད་རིགས་ས་ཁུལ་གྱི་ལས་ཀའི་དོན་དངོས་ལ་གཞིགས་ནས་བོད་རིགས་ས་ཁུལ་གྱི་ལས་ཀར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་རྒྱུན་མཐུད་ཀྱི་འཕེལ་རྒྱས། དམངས་འཚོ་བསྟུད་མར་ལེགས་བཅོས། སྤྱི་ཚོགས་སྤྱིའི་ཆ་ནས་བརྟན་འཇགས་དང་བདེ་འཇགས་ཡོང་ངེས། གྲུབ་འབྲས་འབོར་ཆེན་མཐོང་བའི་དུས་མཚུངས་སུ་ང་ཚོས་ཀྱང་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པའི་བོད་རིགས་ས་ཁུལ་གྱི་ལས་ཀའི་དཀའ་ངལ་དང་འགྲན་རྩོད་མི་ཉུང་བ་ཞིག་ལ་སྔར་བཞིན་འཕྲད་ཅིང་། མིག་སྔའི་གནས་ཚུལ་གྱི་ངོས་ནས་བརྗོད་ན། བརྟན་གནས་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ལས་འགན་ནི་ཁ་ཚ་དགོས་གཏུག་གི་བྱ་བ་རེད། བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་བདེར་འགོད་ཀྱི་ལས་འགན་མངོན་འགྱུར་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པའི་ལས་འགན་གལ་འགངས་ཆེ་བས། བོད་རིགས་ས་ཁུལ་གྱི་ལས་ཀ་དང་དཀའ་གནད་འགག་སྒྲོལ་དང་ཆད་པ་ཁ་གསབ་ཀྱི་ཞན་ཆ་ཡོ་བསྲང་བྱ་བའི་ལས་འགན་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་། གཙོ་གནད་ལྔ་ནི་དེ་བས་ཀྱང་ཁ་ཚ་དགོས་གཏུགས་ཡིན་ཞིང་དཀའ་ངལ་ཆེ་བ་གསལ་པོར་བསྟན་ཡོད་པ་དང་། ང་ཚོས་རྗེས་མའི་ལས་དོན་གྱི་ནུས་ཤུགས་འདོན་ཡུལ་གཙོ་བོ་བསྟན་ཡོད། 
  བོད་རིགས་ས་ཁུལ་གྱི་ལས་ཀའི་འགན་འཁྲིའི་བསམ་པ་ཇེ་ཟབ་དང་དུས་བབ་གསར་པའི་འོག་གི་བོད་རིགས་ས་ཁུལ་གྱི་ལས་ཀ་ཡག་པོ་སྒྲུབ་རྒྱུར། བོད་རིགས་ས་ཁུལ་གྱི་ཚན་ཁག་འཛུགས་སྐྱོང་དང་གཞི་རིམ་གྱི་ཏང་གི་རྩ་འཛུགས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་བོད་རིགས་ས་ཁུལ་གྱི་ལས་ཀའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་དབྱང་གི་བོད་རིགས་ས་ཁུལ་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་དངོས་སུ་ཐོན་པར་བྱ་དགོས། བོད་ཁུལ་དུ་ཞི་མཐུནབརྟན་འཇགས་དང། ཡུན་རིང་འཚོ་གནས་བདེ་འགོད་ཀྱི་གནད་འགག་གཙོ་བོ་ཏང་དང་མི་སྒེར་ལ་ཐུག་ཡོད། དམིགས་བསལ་གསུམ་གྱི་ཆབ་སྲིད་ཀྱི་ཚད་གཞི་དང་ལས་ཀའི་བླང་བྱ་གསལ་པོ་བྱས་ཏེ། ལངས་ཕྱོགས་ཧ་ཅང་གསལ་པོ་ངོས་ཟིན་དགོས་པ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་སྤྱོད་ཀྱི་དམིགས་བསལ་ཀྱི་ལངས་ཕྱོགས་བརྟན་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་ལྷད་མེད་ཀྱི་བརྩེ་དུང་ལྡན་པའི་དམིགས་བསལ་ཕུལ་བྱུང་གི་ལས་བྱེད་པ་འདེམས་གསེས་དང་བཀོལ་སྤྱོད་བྱ་དགོས། གཙོ་གནད་སྒྱུར་བཀོད་དང་སྟོབས་ཤུགས་གཞི་རིམ་དུ་རྨང་གཞི་བརྟན་པོར་འདིང་རྒྱུ། འཛུགས་སྐྲུན་དང་མཐུན་ཞིང་བོད་རིགས་ས་ཁུལ་གྱི་དགོས་མཁོར་མཐུན་པའི་བྱང་ཚད་མཐོ་བའི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ལ་སྐུལ་འདེད་གཏང་ཆེད་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡུན་རིང་བདེ་འཁོད་ལ་སྲ་ཞིང་བརྟན་པའི་འགན་ལེན་དགོས། 
   མིག་སྔར། སི་ཁྲོན་བོད་རིགས་ས་ཁུལ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་གི་ངོས་ནས། ལས་ཀ་མི་ཉུང་བ་ཞིག་གནད་འགག་གི་གནས་སུ་འཁེལ་འདུག ལྷག་པར་དུ་ང་ཚོས་འཐབ་ཇུས་གཅིག་སྡུད་རྒྱུན་འཁྱོངས་དང་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ། ཁྱོན་ཡོངས་ཀྱི་འདུ་ཤེས་སྟེ་སྔོན་གནས་རྗེས་དྲན་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ལ་ལྷོད་གཡེང་སྤུ་ཙམ་མེད་པར། རྒྱུན་འཁྱོངས་ལྷོད་མེད་དང་གཏན་འཁེལ་བྱས་པའི་བཀོད་སྒྲིག་སྣ་ཚོགས་ལྟར་རྒྱུན་རིང་ལ་ནུས་ཤུགས་བཏོན་ཏེ་སི་ཁྲོན་བོད་རིགས་ས་ཁུལ་གྱི་ལས་དོན་གྱི་རྣམ་པ་གསར་པར་ཧུར་ཐག་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1