ལི་ཁེ་ཆང་དང་ནཱ་ཅི་པོ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-25


  སྤྱི་ཟླ་11པའི་ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཙུང་ལི་ལི་ཁེ་ཆང་དང་མ་ལེ་ཞི་ཡའི་ཙུང་ལི་ནཱ་ཅི་པོ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ངས་ཐེངས་འདིའི་འཚམས་འདྲིའི་ཁྲོད་ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་བརྩེ་ཟབ་མོ་དེ་ཚོར་ཞིང་མཐོ་རིམ་འབྲེལ་འདྲེས་གཏིང་ཟབ་པ་དང་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དང་རིག་གནས་ཕན་ཚུན་བར་གྱི་རྒྱུས་ལོན་དཀྱེལ་ཡངས་སུ་གྱུར་བཞིན་འདུག་པས་མཉམ་འབྲེལ་གྱི་འཕེལ་རྒྱས་ལ་མདུན་ལྗོངས་ཆེན་པོ་ལྡན། ཀྲུང་གོའི་ཕྱོགས་ནས་རང་ཉིད་ཀྱི་ཁྱད་ཆོས་དམིགས་སུ་བཟུང་སྟེ་མ་ལེ་ཞི་ཡའི་ལྷོ་ཁུལ་ལྕགས་ལམ་དང་མྱུར་བགྲོད་ལྕགས་ལམ་གསར་པ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་ཞུགས་འདོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་ཕན་ཚུན་ལ་དངུལ་རྩ་འཇོག་པར་སྐུལ་སློང་བྱ་ངེས། དེ་མིན་བཟོ་ཚོང་དང་དངུལ་རྩ། རྒྱ་མཚོ། སློབ་གསོ། རྒྱལ་སྲུང་ལས་ཀ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད། ཀྲུང་གོའི་ཕྱོགས་ནས་ཀྲུང་གོའི་སྤྱི་དམངས་མང་པོ་མ་ལེ་ཞི་ཡར་སྐུལ་འདེད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་གྱི་རྒྱུས་ལོན་གོང་འཕེལ་དུ་གཏང་དགོས་ཞེས་བསྟན། 

  ལི་ཁེ་ཆང་གིས་བརྩི་འཇོག་དང་འདྲ་མཉམ། ཡིད་ཆེས་ནི་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བའི་རྨང་གཞི་རེད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་པ་ཆེན་པོས་སྲོལ་བཟང་འདི་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱ་དགོས་ཞེས་བསྟན།

  ནཱ་ཅི་པོ་ཡིས་མ་ལེ་ཞི་ཡ་དང་ཀྲུང་གོས་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་བཙུགས་པའི་ཚུན་ལ་ཕྱོགས་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་ཆེན་པོ་བླངས། དེང་སྐབས་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་ཞིག་ལ་འཁེལ་འདུག མ་ལེ་ཞི་ཡའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཡིད་ཚིམ་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ལྷག་པའི་སྲ་བརྟན་དང་འཕེལ་རྒྱས་སུ་འགྲོ་བར་ཡིད་ཆེས་ཡོད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1