དཀར་མཛེས་ཁུལ་གྱི་སྐབས་དང་པོའི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་དུང་དཀར་ལུང་པར་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 12-16


  སྤྱི་ཟླ་12པའི་ཚེས14ནས15ཉིན་གྱི་བར། དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་དཔེ་སྐྲུན་ཅུས། ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་བཅས་ཀྱིས་སྒྲུབ་འགན་གནང་བའི་དཀར་མཛེས་ཁུལ་གྱི་སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་དེ་དུང་དཀར་ལུང་པར་སྤེལ།

 

  ཐེངས་འདིའི་འགྲན་བསྡུར་ཐོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་དཀར་མཛེས་མི་རིགས་སློབ་འབྲིང་། ཏྲེ་ཧོར་བཀྲ་ཤིས་དར་རྒྱས་དགོན། རྒྱལ་བསྟན་ཕན་བདེ་སྨན་ཁང་སོགས་ཀྱི་སློབ་མ་དང་གྲྭ་བཙུན་གཙོས་པའི་བྲིས་ལ་མོས་འདུན་ཡོད་པ་རྣམས་ཀྱི་དབུ་ཅན་དང་དབུ་མེད་སོགས་བྲིས་སྣ་མི་འདྲ་བའི་བརྩམས་ཆོས300ལྷག་བསྡུས་ཤིང་། དེ་ལས་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཡིག་གཟུགས་དཔྱད་འདེམས་པ་རྣམས་ཀྱིས་ཞིབ་བརྟག་དང་དཔྱད་བརྗོད་བྱས་མཐར་ཨང་དང་པོའི་བྱ་དགའ2དང་། གཉིས་པ6། གསུམ་པ8། དེ་མིན་སྐུལ་སློང་བྱ་དགའ་བཅས་ཁྱོན་བསྡོམས་བྲིས་གཟུགས150ལྷག་ལ་དཔྱད་བདམས་བྱས།

  འགྲན་བསྡུར་གྲོས་ཚོགས་སུ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་བྲིས་མཁན་རྣམས་ཀྱིས་ཡུལ་དངོས་སུ་བྲིས་གཟུགས་བརྩམས་ཆོས་དག་ཀྱང་འགྲེམ་སྟོན་བྱས་པ་དང་དུང་དཀར་ལུང་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་ཡུལ་མི་རྣམས་ཀྱང་འགྲེམ་སྟོན་ཁང་དུ་ཡོང་སྟེ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་རྒྱུས་ལོན་དང་གཟིགས་ཞིབ་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1